རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཆེད་ཚན།
གཙོ་ངོས། སྡེ་ཁག་མཚམས་སྦྱོར། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཆེད་ཚན།
དཔྱད་བཅོས་སྡེ་ཁག་གི་ངོ་སྤྲོད་མདོར་བསྡུས།
ལྷོ་ཁ་གྲོང་ཁྱེར་སྨན་རྩིས་འགྲོ་ཕན་གླིང་དཔྱད་བཅོས་སྡེ་ཁག་ནི་སྤྱི་ལོ་༡༩༨༥ལོར་མཛད་སྒོ་ཕྱེ་བ་དང་། སྡེ་ཁག་འདི་ནི་བོད་ལུགས་གསོ་རིག་ཁྱད་ལྡན་དཔྱད་བཅོས་གསོ་ཐབས་དང་། དེང་དར་ཁམས་གསོ་རིག་པའི་ལག་ལེན་ཟུང་འབྲེལ་དུ་ཆགས་པའི་ནད་ཐོག་དང་། སློབ་གསོ། ཞིབ་འཇུག ཁམས་གསོ། བདེ་སྲུང་བཅས་ཕྱོགས་བསྡུས་རང་བཞིན་ཅན་གྱི་སྡེ་ཁག་ཅིག་ཡིན། སྡེ་ཁག་འདི་ཉིད་༢༠༠༩ལོ་ནས་༢༠༢༠ལོའི་བར་ལོ་ལྟར་སྨན་ཁང་གི་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ་པ་མ་ཟད། ༢༠༡༠ལོར་རྒྱལ་ཁབ་རིམ་པའི་བོད་སྨན་འཕྲོད་སྦྱོར་ལག་རྩལ་ཁྱབ་གདལ་བཀོལ་སྤྱོད་རྣམ་གྲངས་ཀྱི་གཙ

ལྷོ་ཁ་གྲོང་ཁྱེར་སྨན་རྩིས་འགྲོ་ཕན་གླིང་དཔྱད་བཅོས་སྡེ་ཁག་ནི་སྤྱི་ལོ་༡༩༨༥ལོར་མཛད་སྒོ་ཕྱེ་བ་དང་། སྡེ་ཁག་འདི་ནི་བོད་ལུགས་གསོ་རིག་ཁྱད་ལྡན་དཔྱད་བཅོས་གསོ་ཐབས་དང་། དེང་དར་ཁམས་གསོ་རིག་པའི་ལག་ལེན་ཟུང་འབྲེལ་དུ་ཆགས་པའི་ནད་ཐོག་དང་། སློབ་གསོ། ཞིབ་འཇུག ཁམས་གསོ། བདེ་སྲུང་བཅས་ཕྱོགས་བསྡུས་རང་བཞིན་ཅན་གྱི་སྡེ་ཁག་ཅིག་ཡིན། སྡེ་ཁག་འདི་ཉིད་༢༠༠༩ལོ་ནས་༢༠༢༠ལོའི་བར་ལོ་ལྟར་སྨན་ཁང་གི་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ་པ་མ་ཟད། ༢༠༡༠ལོར་རྒྱལ་ཁབ་རིམ་པའི་བོད་སྨན་འཕྲོད་སྦྱོར་ལག་རྩལ་ཁྱབ་གདལ་བཀོལ་སྤྱོད་རྣམ་གྲངས་ཀྱི་གཙོ་གནད་སྡེ་ཁག་ཏུ་བསྐོས། ༢༠༡༦ལོར་བོད་སྨན་ཚད་ལྡན་ཚན་ཞིབ་རྣམ་གྲངས་ཀྱི་འགན་ལེན་ཞུས་པའི་ཚན་པ་དང་། ༢༠༡༨ལོར་བོད་སྨན་ལུམས་བཅོས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་འགྲོ་བ་མིའི་དངོས་མིན་ཤུལ་བཞག་རིག་གནས་ཚབ་མཚོན་མིང་གཞུང་དུ་སྙན་ཞུ་ཞུ་བའི་མཉམ་འབྲེལ་ཚན་པ་བཅས་ཡིན།

དཔྱད་བཅོས་སྡེ་ཁག་ནི་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་འགྲོ་ཕན་གླིང་གི་རིམ་པ་དང་པོའི་ནད་ཐོག་སྡེ་ཁག་ཅིག་ཡིན། གཙོ་བོ་མིའི་ལུས་ཁམས་ནང་གི་ཉེས་པ་གསུམ་ལས་བསྐྱེད་པའི་ནད་རྣམས་ཕྱིའི་ཤ་པགས་སོགས་ལ་གཏར་བསྲེག་སོགས་དཔྱད་ལ་བརྟེན་ནས་ནད་དབྱུང་བའི་བྱ་ཐབས་སྤྱད་ནས་ནད་རིགས་སྨན་བཅོས་བྱ་བ་ཞིག་ཡིན། སྡེ་ཁག་འདིར་བོད་ལུགས་གསོ་རིག་གི་དཔྱད་ལྔ་གཏར། བསྲེག དུགས། ལུམས། བྱུག་པ་དང་ཐུར་མ། ལས་ལྔ་བཤལ། སྐྱུགས། སྣ་སྨན། འཇམ་རྩི། ནི་རུ་ཧ། རྩ་སྦྱོངས་དང་རྭ་འཇིབས། ཟངས་བུམ། མགོ་སྦྱོངས། དབྱུག་བཅོས་སོགས་འཛོམས་ཡོད་པ་མ་ཟད། ཁབ་བཙའ་དང་སྤྲ་ལྡན་ཁབ་བཙའ། འཕྱོ་ཐུར། སྦས་ཐབས་ཆུ་ཐུར། སོ་དྲང་ཁབ་གྲི། གསང་དམིགས་སྨན་བཏབ། གསང་དམིགས་ནན་སྦྱར། རྣ་ཁབ་གསོ་ཐབས་སོགས་དང་། དེང་རབས་སྔོན་ཐོན་གསར་དར་གྱི་དངོས་ཁམས་སྒྲིག་ཆས་འཕྲུལ་དབྱུག་དང་། སྡུད་གསོས་གནམ་ལྕགས་འཁོར་ལོ། རྩ་དཀར་ནུས་གསོ། ཀླད་ཁྲག་བདེ་རྒྱུ། ཞ་རེངས་ཐེམ་འབྱེད། འཕྲུལ་དུགས། རླུང་རྩའི་གཉན་འཇོམས། རྐང་ལག་CPM གློག་འགུལ་ལུས་སྲོང་འདེགས་ཁྲི། སྣ་གསུམ་དང་སྣ་བཞིའི་ནུས་མང་སྒྱོགས་འཐེན། ཕྱག་མཉེ་འཆིང་གྲོལ། འདས་མྱུར་རླབས། རླབས་ཕྲན། མཚལ་འོད་གློག་བསྲོ། ཁྱུར་མིད་ནུས་གསོ་སོགས་དལ་འབྲིང་མྱུར་སྒུལ་འཕྲུལ་ཆས་སྨན་བཅོས་གོ་མཚོན་ཕུན་སུམ་ཚོགས་པོ་ཡོད་པའི་ཁྱད་ལྡན་དཔྱད་བཅོས་དང་ཁབ་བཙའ་འཕུར་མཉེ། ཁམས་གསོའི་གསོ་ཐབས་རྣམ་གྲངས་༨༠ལྷག་གིས་ཕྱུག་པ། གཏར་བཅོས་ཁང་དང་། བསྲེག་བཅོས་ཁང་། ལས་ལྔ་གསོ་བཅོས་ཁང་། བྱུག་མཉེ་ཁང་། བཅིང་ལུམས་གསོ་བཅོས་ཁང་། ཁམས་གསོ་ཕྱོགས་བསྡུས་གསོ་བཅོས་ཁང་། དངོས་ཁམས་གསོ་བཅོས་ཁང་། ཁབ་བཙའ་འཕུར་མཉེ་ཁང་སོགས་ལྡན་པའི་སྨན་གྱི་གྲོང་སྡེ་ཞིག་ཡིན། སྡེ་ཁག་འདིར་ས་མཐོའི་རྒྱུན་མཐོང་ན་མང་བའི་ནད་རིགས་ཁྲག་རླུང་ནད་དང་། ཁྲག་འཕེལ་ནད། གྲིབ་སྐྱོན་ནད། མཁལ་འགྲམས་ནད། གྲུམ་བུའི་ནད། རླུང་ནད་དཔུང་འཇའ། བརྒྱལ་གཟེར། རླུང་ནད་གཞོགས་གཅིག་གུག་པ། གཉན་མེ་དབལ། དྲེག་ནད། གཉིད་ཡེར་བའི་ནད། གྲིབ་སྐྱོན་བསྐྱར་གསོ། མཇིང་པ་དང་དཔུང་པ་རྐེད་པའི་ནད་འགྱུར་རིགས། སྙིང་ནད་རིགས། པགས་ནད་རིགས། མདོར་ན་ནང་དོན་སྣོད་ཀྱི་ནད་དང་། ཕྱི་ཤ་རུས་རྩ་རྒྱུས་ཀྱི་ནད་ཐམས་ཅད་གསོ་བར་ནུས་པའི་བོད་ལུགས་གསོ་རིག་ཁྱད་ཆོས་ལྡན་པའི་སྡེ་ཁག་ཞིག་གོ

སྡེ་ཁག་འདི་ཉིད་ད་ཆ་སྨན་དོན་མི་སྣ་མི་གྲངས་༡༥ལས་གྲུབ་ཅིང་། སྨན་པ་མི་གྲངས་༡༢དང་། ཁམས་གསོའི་ནད་སྐྱོང་མི་གྲངས་༢ སྨན་དོན་ལས་བཟོ་པ་མི་གྲངས་༡བཅས་དང་། དེའི་ཁྲོད་འབུམ་རམས་སྨན་པ་མི་གྲངས་༡དང་། འབུམ་གཞོན་སྨན་པ་མི་གྲངས་༡ རབ་འབྱམས་སྨན་པ་མི་གྲངས་༣ དཀའ་བཅུ་སྨན་པ་མི་གྲངས་༧ཡོད་ལ། སྨན་པའི་ཁྲོད་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་མི་གྲངས་༢ཡོད། སློབ་གནས་ཐད་འབུམ་རམས་ཆེན་མོ་མི་གྲངས་༡དང་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་གནས་མི་གྲངས་༡ གཞན་རྣམས་ཆེད་ལས་སློབ་གནས་ཡན་ཡིན་པ་བཅས་ཤེས་ལྡན་མི་སྣའི་གྲུབ་ཚུལ་ལུགས་དང་མཐུན་པའི་ཁྱད་ལྡན་སྡེ་ཁག་ཅིག་ཏུ་འགྱུར་ཡོད།

སྡེ་ཁག་གི་སྨན་དོན་མི་སྣ་རྣམས་ཀྱིས་དུས་རྟག་ཏུ་གཡུ་ཐོག་དགོངས་དོན་གཙིགས་སུ་འཁུར་སྟེ་སྙིང་རྗེའི་བློ་དང་ཕུལ་བྱུང་གི་ལག་རྩལ་གྱིས་འགྲོ་བ་ནད་པར་བཏང་སྙོམས་ཐོག་ངག་འཇམ་ལག་མཁས་ཀྱི་ཞབས་ཞུ་དང་། ཡ་རབས་ཚུལ་ལྡན་གྱིས་ཕན་བདེའི་སྤྲིན་གྱི་མེ་ཏོག་ཚད་མེད་སྦྱིན་པའི་ལས་ལ་འབད་བཞིན་ཡོད། དེ་བས་ད་ཡོད་ཀྱི་ལག་རྩལ་ལ་ཚིམས་ནས་མ་བསྡད་པར་རྒྱུན་མཐུད་སློབ་སྦྱོང་དང་ལག་རྩལ་གསར་པ་བསྡུས་ནས་འགྲོ་བ་ནད་པའི་འདོད་བློ་སྐོང་གང་ལེགས་སུ་མཆིས་པའོ། །