བུད་མེད། རབས་འབྱམས་ཞིབ་འཇུག་སློབ་མའི་སློབ་གནས། ཧུའུ་ནན་ཞིང་ཆེན་མི་དམངས་སྨན་ཁང་སྦྲིད་སྨན་སྡེ་ཁག་གི་འབུམ་གཞོན་སྨན་པ། གཙོ་བོ་དཀའ་ཉེན་ལྕི་བའི་གཤགས་བཅོས་དང་། བྱིས་པའི་གཤགས་བཅོས། སྙིང་གི་གཤགས་བཅོས་སོགས་ལ་སྦྲིད་སྨན་རྒྱག་པ་དང་མྱུར་སྐྱོབ་བྱེད་པར་ལག་རྩལ་དང་ཉམས་མྱོང་གཉིས་ཀ་ཤིན་ཏུ་ཕུན་སུམ་ཚོགས་པའོ།
བུད་མེད། ཧུའུ་ནན་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་གི་འབུམ་གཞོན་སྨན་པ། གཙོ་བོ་མོ་ནད་རིགས་ཀྱི་བརྟག་བཅོས་དང་གཤགས་བཅོས་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་། ལྷག་དོན་དུ་མངལ་སྐྲན་སོགས་རྒྱུན་མཐོང་ནད་རིགས་སྣ་ཚོགས་དང་། བུ་མི་འབྱུང་བའི་ནད། མངལ་སྐེའི་ནད་འགྱུར། བུ་སྣོད་ལུག་པ་སོགས་བཅོས་དཀའི་ནད་རིགས་མང་པོར་གཤགས་བཅོས་སོགས་ཀྱི་བྱ་ཐབས་སྤྱོད་དེ་གསོ་བཅོས་བྱེད་པའི་ཁྱད་ཡོན་དམིགས་བསལ་ལྡན་ཡོད།
སྐྱེས་པ། རབས་འབྱམས་ཞིབ་འཇུག་སློབ་མའི་སློབ་གནས། འབུམ་གཞོན་སྨན་པ། ཧུའུ་ནན་ཞིང་ཆེན་མཆིན་མཁྲིས་བདེ་སྲུང་ཞབས་ཞུ་མཐུན་ཚོགས་ཀྱི་ཨུ་ཡོན་སོགས་དང་། གཙོ་བོ་མཆིན་མཁྲིས་མཆེར་པ་སོགས་ཀྱི་བརྟག་བཅོས་ལག་རྩལ་དང་། དཀའ་གནད་དང་རྙོག་འཛིང་ཆེ་བའི་མཆིན་མཁྲིས་མཆེར་པ་སོགས་ལ་གསུས་ཤེལ་གཤགས་བཅོས་བྱེད་པའི་ལག་རྩལ་ཐད་དམིགས་བསལ་གྱི་ཁྱད་ཡོན་ལྡན་ཡོད།
སྐྱེས་པ། རབས་འབྱམས་ཞིབ་འཇུག་སློབ་མའི་སློབ་གནས། འབུམ་གཞོན་སྨན་པ། ཧུའུ་ནན་ཞིང་ཆེན་འབྲས་སྐྲན་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་དང་། གཙོ་བོ་གསལ་ཐིག་དང་གློག་པར་སོགས་ལ་བརྟེན་ནས་ཁོང་འབྲས་དང་མངལ་སྐྲན་སོགས་འབྲས་སྐྲན་རིགས་ཀྱི་ངོས་འཛིན་དང་དམིགས་བསལ་གསོ་བཅོས་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། ལྷག་དོན་དུ་སྒྲ་བརྒལ་དང་གསལ་ཐིག་སོགས་ལ་བརྟེན་ནས་དཀའ་ཉེན་ཆེ་བའི་གནས་ལ་ཐུར་མ་བཏང་སྟེ་ནད་དཔྱད་དང་གསོ་བྱེད་བྱེད་པའི་ལག་རྩལ་ཁྱད་པར་ལྡན་ཡོད།
སྐྱེས་པ། ཀྲུང་གུང་ཏང་ཡོན། འབུམ་གཞོན་སྨན་པ། ཀྲུང་གོ་འབྲས་འགོག་མཐུན་ཚོགས་རུས་འབྲས་འགོག་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་དང་། གཙོ་བོ་རུས་འབྲས་དང་། ཆུ་རྒྱུས་ཀྱི་ནད་རིགས་སོགས་བཅོས་པའི་ལག་རྩལ་དང་ཉམས་མྱོང་ཤིན་ཏུ་ཟབ་ཅིང་ལྷག་དོན་དུ་ཡན་ལག་སྲུང་ཞིང་རུས་པའི་འབྲས་སྐྲན་གཅོད་པ་དང་། རུས་ཚིགས་བརྗེ་བ་སོགས་ཀྱི་ཐད་དམིགས་བསལ་གྱི་ལག་རྩལ་ཁྱད་ཆོས་ལྡན་ཡོད།
བུད་མེད། ཀྲུང་གུང་ཏང་ཡོན། རབས་འབྱམས་ཞིབ་འཇུག་སློབ་མའི་སློབ་གནས། ནད་སྐྱོང་འབུམ་གཞོན། ཧུའུ་ནན་ཞིང་ཆེན་བདེ་ཐང་དོ་དམ་སློབ་ཚོགས་འཚོ་བཅུད་དང་བདེ་ཐང་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་དང་། གཙོ་བོ་རྒན་དར་གཞོན་བྱིས་ཚང་མའི་དཀའ་ཉེན་ཆེ་བའི་ནད་སྐྱོང་དང་། མྱུར་སྐྱོབ། དེ་བཞིན་ནད་སྐྱོང་དོ་དམ་སོགས་ཀྱི་བྱ་བར་ཤིན་ཏུ་མཁས་པའོ།
བུད་མེད། གསོ་རིག་འབུམ་རབས་སློབ་གནས། སྨན་པ་འབུམ་གཞོན། ཀྲུང་གོ་ཀྲུང་ལུགས་ཚན་རིག་ཁང་ཀྲུང་ལུགས་ཁབ་བཙའ་རིག་པའི་ཆེད་ལས་འབུམ་རམས་ཕྱི་མ། སྐབས་ལྔ་པའི་རྒྱལ་ཡོངས་གྲགས་ཅན་ཀྲུང་ལུགས་སྨན་པ་སོགས་ཀྱི་མཚན་སྙན་དང་། གཙོ་བོ་ཁབ་བཙའ་སོགས་ཀྲུང་ཕྱི་ཟུང་འབྲེལ་གྱི་བཅོས་ཐབས་ལམ་ནས་གྲིབ་སྐྱོན་གྱི་ནད་དང་། རླུང་ནད་ཁ་ཡོ། གཉིད་ཡེར་བ། བུ་མི་ཆགས་པའི་ནད་སོགས་བཅོས་དཀའི་ནད་རིགས་མང་པོར་སྨན་བཅོས་བྱས་པའི་མྱོང་བ་ཕུན་སུམ་ཚོགས་ཤིང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་ཀྱང་མང་དག་ཡོད་པ་བཅས་སོ།
སྐྱེས་པ། འབུམ་གཞོན་སྨན་པ། ཧུའུ་ནན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་ཆེན་རབས་འབྱམས་ཞིབ་འཇུག་སློབ་མ། ཀྲུང་ལུགས་གསོ་རིག་གི་སྨན་རྩྭའི་འབྱུང་ཁུངས་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ལོ་མང་སྤེལ་ཞིང་ཀྲུང་ལུགས་སྨན་རྫས་ཀྱི་དམར་དཔེ་ཁྲི་ཚོ་གཉིས་ལྷག་ཙམ་གསར་བཟོ་གནང་བ་དང་། སྔ་རྗེས་སུ་རྒྱལ་ཁབ་དང་། ཞིང་ཆེན་རིམ་པའི་ཞིབ་འཇུག་གི་རྣམ་གྲངས་མང་དག་གཉེར་སྐྱོང་ཞུས་པ་ལས་ཧུའུ་ནན་ཞིང་ཆེན་ཀྲུང་ལུགས་ཚན་ཞིབ་སྔོན་ཐོན་བྱ་དགའ་ཐེངས་གཉིས་ཐོབ་ཡོད་ལ་ཆེད་དེབ་གཉིས་དང་། དཔྱད་རྩོམ་ཉི་ཤུ་རྩ་གྲངས། སྨན་གསར་ནད་ཐོག་ཞིབ་འཇུག་ཆོག་ཨང་གཅིག་བཅས་ཐོབ་ཡོད།
སྐྱེས་པ། དངོས་གཞིའི་སློབ་གནས། འབུམ་གཞོན་སྨན་པ། ཧུའུ་ནན་ཞིང་ཆེན་སྨན་ཁང་མཐུན་ཚོགས་ཁ་སྦུབ་གསོ་བཅོས་དོ་དམ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་གོ་མིང་ཡོད་པ་དང་། གཙོ་བོ་ཁ་སྦུབ་ནད་རིགས་མཐའ་དག་གི་བརྟག་བཅོས་ལ་གོམས་སྦྱངས་ཤིན་ཏུ་ཆེ་ཞིང་ཁྱད་པར་དུ་སོ་ནད་བརྟག་བཅོས་དང་སོ་གསར་འདེབས་འཛུགས་སོགས་ཁ་སྦུབ་མཛེས་བཟོའི་ཆེད་ལས་ལག་རྩལ་ཤིན་ཏུ་ལེགས་ཤིང་དེ་དང་འབྲེལ་བའི་དཔྱད་རྩོམ་ཡང་མང་དག་ཡོད་པའོ།
སྐྱེས་པ། འབུམ་གཞོན་སྨན་པ། དགེ་རྒན་ཆེན་མོ་གཞོནཔ། ཧུའུ་ནན་ཞིང་ཆེན་ཀྲུང་ལུགས་གསོ་རིག་ཞིབ་འཇུག་གླིང་ཞོར་གཏོགས་སྨན་ཁང་སྨན་དོན་སྡེ་ཁག་གི་འགོ་འཛིན་དང་། སྒལ་ཚིགས་ནད་རིགས་ཞིབ་འཇུག་ཁང་གི་འགན་འཛིན་སོགས་ཀྱི་གོ་མིང་དང་། གཙོ་བོ་རུས་ནད་རིགས་ཀྱི་བརྟག་བཅོས་དང་ཁྱད་པར་དུ་གཞུང་ཚིགས་ནད་རིགས་བཅོས་པའི་ཉམས་མྱོང་ཕུལ་དུ་བྱུང་ལ་དེ་དང་འབྲེལ་བའི་ཞིབ་འཇུག་གི་རྣམ་གྲངས་དང་། ཆེད་དེབ། དཔྱད་རྩོམ་སོགས་ཧ་ཅང་མང་པོ་ཡོད་པ་བཅས་སོ།
བུད་མེད། དངོས་གཞིའི་སློབ་གནས། ནད་སྐྱོང་འབུམ་གཞོན། ཧུའུ་ནན་ཞིང་ཆེན་མི་དམངས་སྨན་ཁང་འཇུ་བྱེད་སྡེ་ཁག་གཉིས་པའི་ནད་སྐྱོང་དཔོན། ཧུའུ་ནན་ཞིང་ཆེན་འཇུ་བྱེད་ཆེད་ལས་ནད་སྐྱོང་ཟབ་སྦྱོང་རྟེན་གཞིའི་དྲུང་ཡིག་སོགས་ཀྱི་གོ་མིང་ཡོད་པ་དང་། གཙོ་བོ་འཚོ་བཅུད་སྦྱོར་སྡེའི་ནད་སྐྱོང་དང་། འཇུ་ལམ་གཤགས་བཅོས་རྗེས་ཀྱི་ནད་སྐྱོང་། གཞན་ཡང་ནད་སྐྱོང་དང་འབྲེལ་བའི་སློབ་གསོ་དང་། ཞིབ་འཇུག དོ་དམ་སོགས་ཀྱི་ལས་ཀར་བྱང་ཆུབ་ཅིང་དེ་འབྲེལ་རྩོམ་ཡིག་ཀྱང་མང་དག་སྤེལ་བ་བཅས་སོ།
སྐྱེས་པ། ཀྲུང་གོ་དམངས་གཙོ་སྐུལ་སྤེལ་ཚོགས་པའི་ཚོགས་མི། ཧུའུ་ནན་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་དཀའ་ཉེན་ལྕི་བའི་ཚན་ཁག་གི་སྨན་པ་ རབས་འབྱམས། ཧུའུ་ནན་ཞིང་ཆེན་ཀྲུང་ལུགས་གསོ་རིག་དང་ཀྲུང་ཕྱི་ཟུང་འབྲེལ་སློབ་ཚོགས་ཀྱི་ཨུ་ཡོན་སོགས་ཀྱི་གོ་མིང་ཡོད་པ་དང་། གཙོ་བོ་དཀའ་ཉེན་ལྕི་བའི་ནད་རིགས་ཀྱི་བརྟག་བཅོས་དང་། ལྷག་དོན་དུ་གློ་སྙིང་སོགས་ཧ་ཅང་ལྕི་བའི་ནད་གཞིས་རྐྱེན་པས་བརྒྱལ་འབོག་སོགས་ཀྱི་ནད་པ་མྱུར་སྐྱོབ་བྱ་རྒྱུར་མཁས་ཤིང་། དེ་དང་འབྲེལ་བའི་ཚན་ཞིབ་རྣམ་གྲངས་དང་། དཔྱད་རྩོམ་ཆེད་དེབ་སོགས་ཀྱང་མང་དག་སྤེལ་ཡོད།
བུད་མེད། ཆེད་ལས་སློབ་ཆེན། འབུམ་གཞོན་སྨན་པ། ཧུའུ་ནན་སློབ་ཆེན་སྲོག་ཆགས་ཚོད་ལྟ་སློབ་ཚོགས་ཀྱི་ལས་འཛིན་སོགས་ཀྱི་གོ་མིང་དང་། གཙོ་བོ་ནད་ཐོག་རྫས་འགྱུར་བརྟག་དཔྱད་རིག་པར་གོམས་སྦྱངས་ཆེ་ལ་ཁྱད་པར་དུ་བྱི་རིམས་དང་ལྷོག་པ་སོགས་ཀ་པ་རིམ་པའི་རིམས་ནད་སྣ་ཚོགས་ཀྱི་འབུ་ཕྲའི་བརྟག་དཔྱད་སོགས་ལ་རྒྱུས་མངའ་ཆེ་བ། སྔ་རྗེས་སུ་རྒྱལ་ཁབ་ཚན་རྩལ་པུའུ་དང་ཞིང་ཆེན་རིམ་པའི་ཚན་རིག་ཞིབ་འཇུག་རྣམ་གྲངས་མང་པོར་དངོས་སུ་ཞུགས་ཡོད་ལ་ཚན་ཞིབ་ཡར་ཐོན་གྱི་རིམ་པ་གསུམ་པའི་བྱ་དགའ་ཡང་ཐོབ་མྱོང་བ་བཅས་སོ།