འཕེལ་རྒྱས་བྱུང་རིམ།
གཙོ་ངོས། སྨན་ཁང་། འཕེལ་རྒྱས་བྱུང་རིམ།

1965ལོ།

1965ལོར་ལྷོ་ཁ་ས་ཁུལ་མི་དམངས་སྨན་ཁང་དུ་མི་དམངས་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་ཁང་གསར་དུ་བཙུགས་ནས་ས་ཁུལ་མི་དམངས་སྨན་ཁང་གི་དོ་དམ་བྱེད་ཁོངས་སུ་གཏོགས།

1982ལོ།

ས་ཨུད་རྒྱུན་ཨུད་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད་ས་ཁུལ་མི་དམངས་སྨན་ཁང་དུ་བོད་ལུགས་གསོ་རིག་གི་སྒོ་བསྟེན་སྨན་བཅོས་ཁང་བཙུགས་ནས་ཕྱི་ཕྱོགས་སུ་བཀལ་བའི་ས་ཁུལ་གྱི་སྨན་རྩིས་ཁང་གི་སྒོ་བྱང་བཀལ་རྒྱུའི་གཏན་འབེབས་བྱས་པ་རེད།    

1985ལོ།

ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་ནི་རང་ཚུགས་རིམ་པའི་བྱ་གཞག་ཚན་པ་ཞིག་ཡིན།    

 1987ལོ།

1987ལོའི་ཟླ་4ཚེས་13ཉིན་ས་ཁུལ་གྱི་བོད་ལུགས་གསོ་རིག་སྨན་ཁང་དེ་རྫོང་རིམ་པའི་བྱ་གཞག་ཚན་པར་རིམ་སྤོར་བྱས།     ཀྲུང་གུང་ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་གི་ཏང་ཨུད་དངོས་སུ་བཙུགས་པ་རེད།    

 1994ལོ།

ས་ཁུལ་འཕྲོད་བསྟེན་ཅུས་ཀྱིས་ཞིབ་འཇུག་བྱས་ནས་མོས་མཐུན་བྱུང་རྗེས་ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་གི་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་རེད།    

◎ 1996ལོ།

ལྗོངས་ཏང་ཨུད་དང་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་ཆོག་མཆན་གནང་བ་བརྒྱུད།    ས་ཁུལ་གྱི་སྨན་རྩིས་ཁང་ནི་ས་ཁུལ་གྱི་ཐད་གཏོགས་བྱ་གཞག་ཚན་པ་ཞིག་རེད།    

 2010ལོ།

ལྷོ་ཁ་ས་ཁུལ་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གིས་2010ལོའི་ཟླ་1ཚེས་28ཉིན་ཞིབ་འཇུག་བྱས་ནས་མཆན་འགོད་བཀའ་ལན་གནང་བ་རེད།     ས་ཁུལ་གྱི་སྨན་རྩིས་ཁང་གི་ཁོངས་མི་95དང་།    རྫོང་རིམ་པའི་འགོ་ཁྲིད་ཀྱི་ལས་གནས་ཁ་གྲངས་4ཁོའོ་རིམ་པའི་འགོ་ཁྲིད་ཀྱི་ལས་གནས་ཁ་གྲངས་38བཅས་ཡོད་པ་རེད།    

 2014ལོ།

    ལྷོ་ཁ་ས་ཁུལ་གྱི་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གིས་2014ལོའི་ཟླ་9ཚེས་22ཉིན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད་ས་ཁུལ་གྱི་བོད་ལུགས་གསོ་རིག་སྨན་ཁང་ལ་བྱ་གཞག་གི་སྒྲིག་ཁོངས་མི་གྲངས་10མང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།     སྒྲིག་ཁོངས་བྱས་རྗེས་ས་ཁུལ་གྱི་སྨན་རྩིས་ཁང་གི་བྱ་གཞག་སྒྲིག་ཁོངས་མི་གྲངས་105དང་།    རྫོང་རིམ་པའི་འགོ་ཁྲིད་མི་གྲངས་4ཁོའོ་རིམ་པའི་འགོ་ཁྲིད་མི་གྲངས་38བཅས་མང་དུ་བཏང་ཡོད།    

 2016ལོ།

གྲོང་ཁྱེར་ཏང་ཨུད་ཀྱིས་ཀྲུང་གུང་ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་ཨུ་ཡོན་ལྷན་ཁང་དེ་ཀྲུང་གུང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ཨུ་ཡོན་ལྷན་ཁང་ཞེས་མིང་བསྒྱུར་རྒྱུའི་གཏན་འབེབས་བྱས་པ་རེད།