འགོ་ཁྲིད་ཀྱི་སྒེའུ་ཁུང་།
གཙོ་ངོས། སྨན་ཁང་། འགོ་ཁྲིད་ཀྱི་སྒེའུ་ཁུང་།
  • ཚའོ་ཝེ་ཡུན།

    སྐྱེས་པ། རྒྱ་རིགས། 1975ལོའི་ཟླ་3པར་འཁྲུངས། དངོས་གཞིའི་ཚན་ཁག་གི་སྨན་པ་དཀའ་བཅུ་པ་གཞོན་པ། ཀྲུང་གུང་ཏང་ཡོན་ཡིན་པ། ཧུའུ་ནན་ཉིན་ཞང་ནས་ཡིན། ད་ལྟ་ཧུའུ་ནན་ཞིང་ཆེན་ཐད་གཏོགས་ཀྲུང་ལུགས་གསོ་རིག་སྨན་ཁང་གི་འབྱིན་རྔུབ་ཁོའོ་གཉིས་པའི་ཀྲུའུ་རེན། ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་གི་ཏང་ཨུའི་ཨུ་ཡོན། སྨན་བཅོས་ཁོའོ་ཡི་འགོ་འཛིན་བཅས་ཀྱི་འགན་བཞེས།

    ཁོང་གིས་ཧུའུ་ནན་ཞིང་ཆེན་ཐད་གཏོགས་ཀྲུང་ལུགས་གསོ་རིག་སྨན་ཁང་གི་འབྱིན་རྔུབ་ཚན་ཁག་གཉིས་པའི་ཀྲུའུ་རེན་དང་། སྨན་བཅོས་པུའུ་ཡི་ཀྲུའུ་རེན། སྤུས་ཀར་ཚོད་འཛིན་གཞུང་ལས་ཁང་གི་ཀྲུའུ་རེན། ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་བཅས་ཀྱི་འགན་ཁུར་གནང་བ་རེད།

  • ཧོའུ་པའོ་ཕིང་།

    ཧོའུ་པའོ་ཕིང་། བུད་མེད། རྒྱ་རིགས། ༡༩༧༨ལོའི་ཟླ་བ་༣པར་སྐྱེས། དངོས་གཞིའི་སློབ་ཆེན་སློབ་གནས། ཀྲུང་གུང་ཏང་ཡོན། ཧྲན་ཤིའི་ཡུང་ཅིའི་ནས་ཡིན་པ། ད་ཆ་ལྷོ་ཁ་གྲོང་ཁྱེར་འཕྲོད་བདེ་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། སྨན་སྤྱི་གཞོན་པའི་ལས་གནས་སྒྲུབ་བཞིན་པ།

    དེ་སྔ་ལྷོ་ཁ་འཕྱོངས་རྒྱས་རྫོང་ཨུད་གཞུང་དོན་ཁང་གི་ཁོའོ་ཡོན་དང་། ལྷོ་ཁ་གྲོང་ཁྱེར་རྩ་འཛུགས་པུའུ་གཞུང་དོན་ཁང་གི་ཁོའོ་ཡོན། ལས་བྱེད་སློབ་གསོ་ཚན་པའི་འགོ་འཛིན་གཞོན་པ། ལས་བྱེད་ཚན་ཁག་གཉིས་པའི་འགོ་འཛིན་གཞོན་པ། ཀྲུའུ་རེན་ཁོའོ་ཡོན། ལས་བྱེད་ལྟ་སྐུལ་ཚན་པའི་འགོ་འཛིན། ལས་བྱེད་ཚན་ཁག་དང་པོའི་འགོ་འཛིན། གྲོང་ཁྱེར་རྩ་འཛུགས་པུའུ་པུའུ་ཨུད་ཀྱི་ཨུ་ཡོན་དང་པུའུ་ཀྲང་གཞོན་པ་བཅས་ཀྱི་ལས་འགན་འཁུར་མྱོང་བ་བཅས་སོ།

  • ལྷག་པ་ཚེ་རིང་།

    ལྷག་པ་ཚེ་རིང་། སྐྱེས་པ། བོད་རིགས། ༡༩༧༡ལོའི་ཟླ་བ་༣པར་སྐྱེས། རབ་འབྱམས་ཞིབ་འཇུག་སློབ་མ། བོད་སྨན་འབུམ་རམས་པ། ཀྲུང་གུང་ཏང་ཡོན། ལྷོ་ཁ་མཚོ་སྣ་རྫོང་ནས་ཡིན་པ། ད་ཆ་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སྨན་སྤྱིའི་ལས་གནས་སྒྲུབ་བཞིན་པ།

    དེ་སྔ་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་པ་དང་། ནད་ཁང་གི་འགོ་འཛིན། སྨན་དོན་སྡེ་ཁག་གི་འགོ་འཛིན། སྨན་སྤྱི་གཞོན་པ་བཅས་ཀྱི་ལས་འགན་འཁུར་མྱོང་བ་བཅས་སོ།

  • ཝང་འགོ་གཙོ།

    ཝང་འགོ་གཙོ། སྐྱེས་པ། རྒྱ་རིགས། ༡༩༧༨ལོའི་ཟླ་བ་༨པར་སྐྱེས། གསོ་རིག་འབུམ་རམས་ཞིབ་འཇུག་སློབ་མ། སྨན་པ་འབུམ་རམས་པ། ཀྲུང་གུང་ཏང་ཡོན། ཧུའུ་ནན་ལན་ཡོན་ནས་ཡིན་པ། ད་ཆ་ཧུའུ་ནན་ཀྲུང་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་ཀྲུང་ཕྱི་ཟུང་འབྲེལ་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ཏང་ཨུད་ཀྱི་ཨུ་ཡོན་དང་། སྨན་སྤྱི་གཞོན་པ། རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་སློབ་དཔོན། ཀྲུང་གོ་ཀྲུང་ཕྱི་གསོ་རིག་སློབ་ཚོགས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་བཅས་ཀྱི་ལས་གནས་གཅིག་ལྕོག་ཏུ་སྒྲུབ་བཞིན་པ།

    དེ་སྔ་ཧུའུ་ནན་ཀྲུང་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་ཀྲུང་ཕྱི་ཟུང་འབྲེལ་སློབ་གླིང་གཞུང་དོན་ཁང་གི་འགོ་གཙོ་རྒན་གཞོན་དང་། ཚན་སློབ་ཚན་པའི་འགོ་གཙོ། ཧུའུ་ནན་ཀྲུང་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་ཞོར་གཏོགས་ཁྲང་ཏཱའི་སྨན་ཁང་གི་སྨན་སྤྱི་གཞོན་པ། ཧུའུ་ནན་ཀྲུང་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་སྡེ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧུའུ་ནན་ཀྲུང་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་ཀྲུང་ཕྱི་ཟུང་འབྲེལ་སློབ་གླིང་གི་སློབ་སྤྱི་གཞོན་པ་བཅས་ཀྱི་ལས་གནས་སྒྲུབ་མྱོང་བ་བཅས་སོ།

  • དཔལ་གྲགས།

    དཔལ་གྲགས། སྐྱེས་པ། བོད་རིགས། ༡༩༧༥ལོའི་ཟླ་བ་༧པར་སྐྱེས། གསོ་རིག་འབུམ་རམས་ཞིབ་འཇུག་སློབ་མ། བོད་སྨན་འབུམ་རམས་པ། ཀྲུང་གུང་ཏང་ཡོན། ལྷོ་ཁ་གོང་དཀར་རྫོང་ནས་ཡིན་པ། ད་ཆ་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ཏང་ཨུད་ཀྱི་ཨུ་ཡོན་དང་། སྨན་སྤྱི་གཞོན་པའི་ལས་གནས་སྒྲུབ་བཞིན་པ།

    དེ་སྔ་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་པ་དང་། ནད་ཁང་ཁོང་ནད་ཚན་ཁག་གི་འགོ་འཛིན་གཞོན་པ། འགོ་འཛིན་བཅས་ཀྱི་ལས་གནས་སྒྲུབ་མྱོང་བ་བཅས་སོ།

  • ཆིའི་ལན་མིང་།

    ཆིའི་ལན་མིང་། སྐྱེས་པ། ཐུའུ་རིགས། ༡༩༨༣ལོའི་ཟླ་བ་༦པར་སྐྱེས། དངོས་གཞིའི་སློབ་ཆེན་སློབ་གནས། ཕྱི་ལུགས་སྨན་པ་རབ་འབྱམས་པ། ཀྲུང་གུང་ཏང་ཡོན། མཚོ་སྔོན་མིན་ཧཱ་ནས་ཡིན་པ། ད་ཆ་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ཏང་ཨུད་ཀྱི་ཨུ་ཡོན་དང་། སྨན་སྤྱི་གཞོན་པའི་ལས་གནས་སྒྲུབ་བཞིན་པ།

    དེ་སྔ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་རུས་ནད་སྨན་པ་དང་། ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་སྲིད་དོན་སྡེ་ཁག་གི་འགོ་འཛིན་གཞོན་པ། སྨན་ཁང་གཞུང་དོན་ཁང་གི་འགོ་འཛིན་བཅས་ཀྱི་ལས་གནས་སྒྲུབ་མྱོང་བ་བཅས་སོ།