གྲགས་ཅན་སྨན་པའི་རྒྱུན་འཛིན།

གྲགས་ཅན་སྨན་པའི་རྒྱུན་འཛིན།
གཙོ་ངོས། གྲགས་ཅན་སྨན་པའི་རྒྱུན་འཛིན།
  • བཀྲ་ཤིས་དབང་འདུས།

    ཕོ།   བོད་རིགས།  ཏང་ཡོན།   རབ་འབྱམས་ཞིབ་འཇུག་སློབ་མ།    བོད་སྨན་ཆེད་ལས།     འབུམ་གཞོན་སྨན་པ།       ནད་ཐོག་སྨན་བཅོས་ལས་ལ་བཞུགས་ནས་སོང་ལོ་ ༢༤ ལྷག་ཙམ་སོང་བ།     ད་ཆ་སྙིང་ཀླད་ཁྲག་རྩའི་སྡེ་ཁག་གི་ཀྲུའུ་རིན་རྒན་པའི་འགན་ནུས་འཁུར་བཞིན་ཡོད་པ།   

    རིག་གཞུང་ལས་གནས།

    སྐབས་ལྔ་པའི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་རྒྱལ་ཡོངས་བོད་སྨན་མཁས་དབང་རྒན་གྲས་ཉམས་མྱོང་རྒྱུན་འཛིན་མི་སྣ། ཁྲེན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་སྐབས་ལྔ་པའི་རྒྱུན་འཛིན་རབ་འབྱམས་ཞིབ་འཇུག་སློབ་མ། སྐབས་དང་པོའི་བོད་ལྗོངས་གསོ་རིག་སློབ་ཚོགས་ས་མཐོའི་གསོ་རིག་ལས་སྙིང་དང་ཁྲག་རྩའི་ནད་རིགས་ཆེད་ལས་ཨུ་ཡོན། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་སྐབས་བཞི་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྔོན་ཐོན་ཤེས་ཡོན་ཅན་གསོ་སྐྱོང་མི་སྣ། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་རིམ་དབྱེའི་དཔྱད་དཔོག་སྨན་པ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སོགས་ཀྱི་མཚན་སྙན་ཐོབ།

    ཞིབ་འཇུག་ཁ་ཕྱོགས།

    ཆེད་ལས་ཐད་བོད་ལུགས་གསོ་རིགས་གཙོ་བོའི་ཐོག་ཕྱི་ལུགས་ཀྱི་ལེགས་ཆས་རྒྱན་ནས་བོད་ཕྱི་ཟུང་འབྲེལ་ཐོག་ནས་སྙིང་ཀླད་ཁྲག་རྩའི་རྒྱུན་མཐོང་ནད་རིགས་དང་ན་མང་བའི་ནད་རིགས་ལ་དམིགས་བསལ་གསོ་བཅོས་ལག་རྩལ་ལྡན་ཞིང་། ལྷག་པར་གཟའ་གྲིབ་ནད་དང་ཁྲག་རླུང་ནད། དེ་བཞིན་སྙིང་ནད་སོགས་ཀྱི་ནད་རིགས་་གི་མྱུར་སྐྱོབ་དང་སྙིང་རིས་དབྱེ་ཞིབ། སྨན་བཅོས་སོགས་ལ་ཉམས་མྱོང་ཕུན་སུམ་ཚོགས་ཞིང་བརྟག་བཅོས་ཐད་དམིགས་བསལ་འཇོན་ནུས་ལྡན་ཡོད། ཉེ་བའི་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ལོ་ལྔ་ཚན་བཅུ་གཉིས་པའི་རྒྱལ་ཁབ་རིམ་པའི་ཆེད་ཚན་ཞིབ་འཇུག་༼ཁྲག་གྲིབ་ཛ་དྲག་དུས་ཁྲག་གཏར་བའི་ནད་ཐོག་ཕན་ནུས་དབྱེ་ཞིབ།༽ཞིབ་འཇུག་ལས་དོན་ལ་རོགས་འདེགས་བྱས་པ། ལོ་ལྔ་ཚན་བཅུ་གསུམ་པའི་རྒྱལ་ཁབ་རིམ་པའི་ཆེད་ཚན་ནད་ཐོག་ཞིབ་འཇུག་རྣམ་གྲངས་༼གྲིབ་སྐྱོན་ནད་ལ་མེ་བཙའ་རྒྱབ་ནས་ཡན་ལག་བྱ་ལས་སླར་གསོའི་ནད་ཐོག་ཕན་ནུས་དབྱེ་ཞིབ་༽ཀྱི་ནད་ཐོག་ཞིབ་འཇུག་གཙོ་འགན་འཁུར་ཡོད་པ། ཞིང་ཆེན་རིམ་པའི་དུས་དེབ་ཐོག་དཔྱད་རྩོམ་དང་མཉམ་གཉེར་རྩོམ་སྒྲིག་གྲངས་ ༡༠ ཙམ་སྤེལ་ཡོད།

  • བཀྲ་ཤིས་སྒྲོལ་མ།

    བཀྲ་ཤིས་སྒྲོལ་མ།  བོད་རིགས། བོད་ལུགས་འཇུ་བྱེད་ཁོང་ནད་ཆེད་ལས། འབུམ་གཞོན་སྨན་པ། བོད་ལུགས་གསོ་རིག་འཇུ་བྱེད་ཆེད་ལས་ཀྱི་ནད་ཐོག་སྨན་པ་དང་། འཇུ་བྱེད་ཁོང་ཤེལ་གི་བརྟག་བཅོས་ལས་ཀ་བྱས་ནས་མི་ལོ་ཉི་ཤུ་ལྷག་སོང་། །

    ཞིབ་འཇུག་ཁ་ཕྱོགས། འཇུ་བྱེད་ཁོང་ནད་ལས་ཕོ་རྒྱུའི་སྨུག་པོ་དང་ཕོ་བ་མེ་ཉམས། མིད་པའི་ནད་རིགས། དེ་བཞིན་རྒྱུ་ལོང་གི་སྨུག་པོ་དང་གཉན་ཚད། རྒྱུ་རྒན་སོགས་ནད་གཞིའི་བརྟག་བཅོས་ལ་དམིགས་བསལ་གྱི་ཁྱད་མཁས་ཡོད་པ་མ་ཟད། ལྷག་པར་དུ་ཕོ་ཤེལ་དང་རྒྱུ་ཤེལ་ཀྱི་ལག་རྩལ་བཀོལ་སྤྱོད་དང་། ནད་གཞིའི་ངོས་འཛིན། འཇུ་ལམ་གྱི་ཤའུ་སྐྲན་ལྡོམ་བུ་བསྲེག་བཞུ་སོགས་ཁོང་ཤེལ་འོག་གི་བཅོས་ཐབས་ལ་ནད་ཐོག་དངོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། །

  • པ་སངས་ལོ་ལོ།

    བོད་ལུགས་གསོ་རིག་གི་འབུམ་གཞོན་སྨན་པ། རང་སྐྱོང་ལྗོངས་ཀྱི་གྲགས་ཅན་བོད་ལུགས་སྨན་པ། དེ་སྔོན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷོ་ཁ་ས་ཁུལ་གྱི་སྲིད་གྲོས་ཨུ་ཡོན་གནང་མྱོང་ཡོད། ༢༠༡༡ལོར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་གཞི་རིམ་གྱི་ཕུལ་བྱུང་ཀྲུང་ལུགས་གསོ་རིག་གི་ལས་དོན་པའི་བཟི་བརྗིད་མཚན་སྙན་སྩལ། 

    སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་གི་དཔྱད་བཅོས་དང་ཀླད་ནད། ཕོ་མཆེར་ཆེད་ཚན་རྣམ་གྲངས་ཀྱི་བློ་འདོན་པ་གནང་། དེ་བཞིན་བོད་སྨན་བདུད་རྩི་མཆོག་སྨན་དང་བྱམས་ལྷུན་རིལ་བུའི་སྨན་གསར་ཞིབ་འཇུག་ལས་དོན་ཁྲོད་ལེགས་སྐྱེས་མི་དམན་པ་ཕུལ། ཁོང་རང་ཉིད་ལ་སྙིང་ཀླད་ཁྲག་རྩའི་ནད་དང་ཕོ་སྨུག་ནད་སོགས་ཀྱི་བརྟག་བཅོས་ཐད་རང་ཉིད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་ཡོད་པས་རྒྱ་ཆེའི་ནད་པས་ཡིད་ཆེས་དང་ལྗོངས་ཕྱི་ནང་གི་ལས་རིགས་གཅིག་པའི་གདེང་འཇོག་ཆེན་པོ་ཐོབ་ཡོད། སྔ་རྗེས་སུ་བོད་ལུགས་གསོ་རིག་གི་དཔྱད་རྩོམ་མང་པོ་སྤེལ་གནང་ཡོད་པ་ལས་《སྙིང་གཟེར་ནད་ཀྱི་བརྟག་སྨན་བཅོས་ཞིབ་འཇུག》ཅེས་པའི་དཔྱད་རྩོམ་ལ་ནད་ཐོག་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད། ཁོང་རང་ཉིད་སྨན་པའི་ཕྱག་ལས་གནང་ནས་ལོ་ངོ་༣༠ལྷག་སོང་རིང་གི་རིག་གཞུང་བསམ་བློ་དང་ཉམས་མྱོང་རྣམས་སྦ་གསང་སྤུ་ཙམ་ཡང་མེད་པར་ལྗོངས་ཕྱི་ནང་གི་རྫོང་དང་ཆུས་ཀྱི་བོད་ལུགས་གསོ་རིག་རྐང་འཛིན་མི་སྣ་མང་དུ་གསོ་སྐྱོང་གནང་དང་གནང་མུས་ཡིན།

  • བཀྲ་ཤིས་རྣམ་རྒྱལ།

    ཕོ། བོད་རིགས། ཀྲུང་གོ་གུང་ཁྲན་ཏང་ཡོན། ཆེད་ལས་བོད་སྨན། འབུམ་གཞོན་སྨན་པ། ནད་ཐོག་ཕྱག་ལས་བགྲང་བྱ་༣༠ལྷག་གནང་། ད་ལྟ་དཔྱད་བཅོས་སྡེ་ཁག་འགན་འཛིན་པའི་འགན་བཞེས། 

    རིག་གཞུང་ཞོར་འགན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་དང་། ཀྲུང་གོ་མི་རིགས་གསོ་རིག་སློབ་ཚོགས་དཔྱད་བཅོས་གསོ་ཐབས་ཡན་ལག་ཚོགས་པའི་ཚོགས་གཙོ་གཞོན་པ། བོད་ལྗོངས་ཁམས་གསོ་ལྷན་ཚོགས་ཀྱི་ལས་འཛིན་པའི་འགན་བཞེས་གནང་གི་ཡོད། ཞིབ་འཇུག་ཁ་ཕྱོགས། ཁོང་བོད་ལུགས་གསོ་རིག་ཁྱད་ལྡན་དཔྱད་བཅོས་རིག་པར་མཁས་ཤིང་། ལྷག་པར་དུ་མཐོ་སྒང་དུ་རྒྱུན་མཐོང་ན་མང་བའི་ནད་རིགས་ཁྲག་རླུང་ནད་དང་། ཁྲག་འཕེལ་ནད། དྲེག་ནད། གྲུམ་བུའི་ནད། གྲིབ་སྐྱོན་བསྐྱར་གསོའི་ནད། རླུང་ནད་གཞོགས་གཅིག་གུག་པའི་ནད། པགས་ནད། མཇིང་པ་དང་དཔུང་པ། རྐེད་པའི་ཟུག་གཟེར་ནད་རིགས་སོགས་ཀྱི་བརྟག་བཅོས་ལ་ཁྱད་དུ་འཕགས་པ་མ་ཟད། དེ་དང་འབྲེལ་བའི་རྒྱལ་ཁབ་རིམ་པ་དང་ལྗོངས་རིམ་པའི་དུས་དེབ་ཁྲོད་ལྗགས་རྩོམ་བཅུ་ཕྲག་ལྷག་སྤེལ་མྱོང་ངོ་། །

  • མཚམས་གཅོད།

    མཚམས་གཅོད།    འབུམ་གཞོན་སྨན་པ། 

    དངོས་གཞིའི་སློབ་ཆེན་གྱི་སློབ་གནས་ལྡན། བགྲང་བྱ་བཅུ་གསུམ་ལྷག་གི་སྒྲ་བརྒལ་ནད་ཐོག་དངོས་ཀྱི་ལས་ཀ་ལས་ཤིང་བོད་ལྗོངས་གསོ་རིག་སློབ་ཚོགས་སྒྲ་བརྒལ་ཡན་ལག་སློབ་ཚོགས་ཀྱི་ཨུ་ཡོན་གྱི་འགན་འཁུར། མིག་སྔར་གསུས་པ་དང་། མོ་ནད། སྙིང་དང་ཁྲག་རྩ། ལུས་ཕྱི་ངོས་ཀྱི་སྒྲ་བརྒལ་བརྟག་དཔྱད་ལག་རྩལ་སོགས་ལ་བྱང་གོམས་མཐར་ཕྱིན། ལྷག་པར་དུ་མོ་ནད་དང་། སྦྲུམ་མའི་སྒྲ་བརྒལ་བརྟག་དཔྱད་ཐད་ཆེས་ཕུལ་དུ་བྱུང་བའི་ལག་རྩལ་ལྡན། སྔ་ཕྱིར་གངས་ལྗོངས་སྨན་རྩིས་སོགས་ཞིང་ཆེན་རིམ་པའི་དུས་དེབ་ནང་དཔྱད་རྩོམ་མི་ཉུང་བ་སྤེལ།

  • ཙཱ་རི་བ་ཀར་ཆུང་། སྨྱུག་མིང་། ཆར་འདོད་བྱིའུ།

    སྐྱེས་པ།   བོད་རིགས།  ༡༩༦༩ལོའི་ཟླ་བ་༥པར་སྐྱེས།  ཆེད་ལས་སློབ་ཆེན།  ལྷུན་རྩེ་རྫོང་ཡུལ་སྨད་ནས་ཡིན་པ།  ད་ཆ་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་པ་འབུམ་གཞོན་དང་། སྨན་ཁང་ཞིབ་འཇུག་ཁང་གི་འགན་འཛིན་པའི་ལས་གནས་སྒྲུབ་བཞིན་པ།   

    དེ་སྔ་ཟངས་རི་རྫོང་མི་དམངས་སྨན་ཁང་བོད་སྨན་ཚན་ཁག་གི་སྨན་པ་དང་། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་སྨན་དོན་སྡེ་ཁག་གི་སྨན་པ་དཀའ་བཅུ་པ་དང་། སྨན་པ་རབ་འབྱམས་པ། སྨན་དོན་སྡེ་ཁག་གི་འགན་འཛིན་གཞོན་པ། གཙོ་བོའོ་འགན་འཛིན་བཅས་ཀྱི་ལས་གནས་སྒྲུབ་མྱོང་བ་དང་། དཔྱད་རྩོམ་ཐད། སྔ་རྗེས་སུ་༼ཡར་ཀླུང་གསོ་རིག ༽དང་། ༼གངས་ལྗོངས་བོད་ལུགས་གསོ་རིག་༽༼ཀྲུང་གོའི་བོད་ཀྱི་གསོ་རིག༽སོགས་དུས་དེབ་འདྲ་མིན་ཐོག་བོད་ལུགས་གསོ་རིག་དང་འབྲེལ་བའི་དཔྱད་རྩོམ་བཅུ་ལྷག་ཙམ་དང་། ༼བོད་ལྗོངས་རྩོམ་རིག་སྒྱུ་རྩལ་༽དང་།༼ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་༽༼སྦྲང་ཆར་༽སོགས་དུས་དེབ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་། བོད་ལྗོངས་གཞོན་ནུའི་ཚགས་པར་སོགས་སུ་སྔ་རྗེས་སུ་གསར་འགྱུར་དང་སྙན་རྩོམ་སོགས་གྲངས་སུམ་ཅུ་ལྷག་ཙམ་སྤེལ་མྱོང་ཡོད། གཞན་ཡང་༼བོད་ལུགས་གསོ་རིག་གི་ཆེད་ལས་ལག་རྩལ་མི་སྣའི་གཞི་རྩ་གསུམ་གྱི་སྦྱོང་བརྡར་སློབ་གཞི་བདུད་རྩིའི་གཏེར་མཛོད།་༽ཀྱི་དཔར་གཞི་གསར་རྙིང་གཉིས་དང་།༼དཔྱད་བཅོས་ཀློག་དེབ་འཚོ་བྱེད་སྨན་པའི་དགའ་སྟོན་༽༼རྒྱལ་ཁབ་སྨན་རྫས་དཀར་ཆག་ལས་བོད་སྨན་གྱི་སྦྱོར་ཚད་༽༼ཤང་གྲོང་སྨན་པའི་སྦྱོང་བརྡར་སློབ་གཞི་༽༼བོད་ལུགས་གསོ་རིག་གི་ནད་རིགས་བརྒྱ་རྩ་གཅིག་གི་བརྟག་བཅོས་ཇུས་གཞི་༽བཅས་ཆེད་ལས་དང་འབྲེལ་བའི་ཀློག་དེབ་དེ་རིགས་ཀྱི་རྩོམ་སྒྲིག་པ་རྒན་གཞོན་དང་ཁོངས་མི་སོགས་ཀྱི་ལས་འགན་སྒྲུབ་ཡོད། །

  • བཀྲ་ཤིས་སྒྲོལ་མ།

    བཀྲ་ཤིས་སྒྲོལ་མ།  བོད་རིགས། བོད་ལུགས་འཇུ་བྱེད་ཁོང་ནད་ཆེད་ལས། འབུམ་གཞོན་སྨན་པ། བོད་ལུགས་གསོ་རིག་འཇུ་བྱེད་ཆེད་ལས་ཀྱི་ནད་ཐོག་སྨན་པ་དང་། འཇུ་བྱེད་ཁོང་ཤེལ་གི་བརྟག་བཅོས་ལས་ཀ་བྱས་ནས་མི་ལོ་ཉི་ཤུ་ལྷག་སོང་། །

    ཞིབ་འཇུག་ཁ་ཕྱོགས། འཇུ་བྱེད་ཁོང་ནད་ལས་ཕོ་རྒྱུའི་སྨུག་པོ་དང་ཕོ་བ་མེ་ཉམས། མིད་པའི་ནད་རིགས། དེ་བཞིན་རྒྱུ་ལོང་གི་སྨུག་པོ་དང་གཉན་ཚད། རྒྱུ་རྒན་སོགས་ནད་གཞིའི་བརྟག་བཅོས་ལ་དམིགས་བསལ་གྱི་ཁྱད་མཁས་ཡོད་པ་མ་ཟད། ལྷག་པར་དུ་ཕོ་ཤེལ་དང་རྒྱུ་ཤེལ་ཀྱི་ལག་རྩལ་བཀོལ་སྤྱོད་དང་། ནད་གཞིའི་ངོས་འཛིན། འཇུ་ལམ་གྱི་ཤའུ་སྐྲན་ལྡོམ་བུ་བསྲེག་བཞུ་སོགས་ཁོང་ཤེལ་འོག་གི་བཅོས་ཐབས་ལ་ནད་ཐོག་དངོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། །

  • བསོད་སྒྲོན།

    མོ། བོད་རིགས། བོད་ལུགས་གསོ་རིག་ཤེས་རམས་པའི་ཡོན་ཚད་ཐོབ་པ། བོད་སྨན་འབུམ་གཞོན་སྨན་པ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཚོགས་ཀྱི་ཚོགས་མི། བོད་ལུགས་གསོ་རིག་ཚད་ལྡན་ནད་སྡོད་སྨན་པའི་སྐུ་བཅར་སློབ་དཔོན་བཅས་ཡིན་པ། 

    བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དངོས་གཞིའི་ཚན་ཁག་དུ་བོད་ལུགས་གསོ་རིག་གི་རིག་གཞུང་མཐར་ཕྱིན་པ་སློབ་གཉེར་ཞུས་ནས་༡༩༩༣ལོ་ནས་ལྷོ་ཁ་སྨན་རྩིས་ཁང་དུ་ལས་གཉེར་སྨན་པའི་འོས་འགན་བཞེས་ཅིང་དེའི་རིང་བོད་ཕྱི་ཟུང་འབྲེལ་གྱི་སྨན་བཅོས་ལས་དོན་སྤྱི་དང་སྔ་རྗེས་སུ་ལྗོངས་ཕྱི་ནང་དུ་མོ་ནད་སྐོར་གྱི་ཟབ་སྦྱོང་སྣ་ཚོགས་བྱ་མྱོང་ལ་ད་ལྟ་རང་སྨན་ཁང་མོ་ནད་སྡེ་ཁག་དུ་བོད་ཕྱི་ཟུང་འབྲེལ་གྱི་རྒྱུན་མཐོང་གི་མོ་ནད་སྤྱི་དང་ཁྱད་པར་མངལ་སྐེའི་རྨ་རྡོབ་ནད་དང་མངལ་སྐྲན་བེམ་པོ། ཟླ་མཚན་མི་སྙོམས་པ། མོ་ནད་རླུང་ཚབས་སོགས་ལ་བོད་ལུགས་གསོ་རིག་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་གསོ་བཅོས་ཀྱིས་ལས་གཉེར་བྱེད་བཞིན་པ་མ་ཟད་བོད་ལུགས་གསོ་རིག་སྨན་བཅོས་གཙོར་བཟུང་ནས་ཕྱི་ལུགས་ཀྱི་རྒྱུན་བཅོས་ལག་རྩལ་སྦྲུམ་འགོག་ཨ་ལོང་བཅུག་ལེན་དང་། མཚན་ཕྱི་ཐུམ་རྡོག་གཤགས་ཐབས། མངལ་སྐེའི་ཤ་སྐྲན་བཀོག་པ་། མི་ཐབས་ལ་བརྟེན་ནས་སྦྲུམ་འགོག་གཤགས་ཐབས་ལས་བུ་སྣོད་ནང་ནད་འགྱུར་ཡོད་མེད་བརྟག་ཐབས་ཀྱི་གཤགས་ཐབས། མངལ་ཤེལ་བརྟག་ཐབས་ལས་འབྲས་ནད་མངོན་ཚུལ་བརྟག་ཐུབ་པ། མིའི་རིགས་ཀྱི་ནུ་ཏོག་སྐྲན་ནད་རིགས་དབྱེའི་ཐབས་ལ་བརྟེན་ནས་མངལ་སྐེ་རྨ་འབྲས་ནད་ཀྱི་མངོན་ཚུལ་བརྟག་འབྲས་ཐུབ་པ་སོགས་མདོར་ན་ཕྱི་ལུགས་བུད་མེད་ཚན་ཁག་གི་བརྟག་བཅོས་ཐུབ་པའི་ནད་རིགས་མང་ཆེ་བ་བརྟག་བཅོས་ཐུབ་ཀྱི་ཡོད། སྔ་ཕྱིར་རྒྱལ་ཁབ་རིམ་པའི་དུས་དེབ་ནང་རྩོམ་ཐུང་གཉིས་ཙམ་དང་ཞིང་ཆེན་རིམ་པའི་དུས་དེབ་ནང་རྩོམ་ཐུང་དྲུག་ཙམ་ དང་། རང་སྨན་ཁང་གི་གསོ་རིག་དུས་དེབ་ནང་རྩོམ་ཐུང་ལྔ་ཙམ་བཅས་འདོན་སྤེལ་བྱས་ཡོད།

  • དབྱངས་སྐྱིད།

    མོ། བོད་རིགས། འབུམ་གཞོན་སྨན་པ། དངོས་གཞིའི་སློབ་ཆེན་གྱི་སློབ་གནས་ལྡན། བགྲང་བྱ་ཉི་ཤུ་ལྷག་ཙམ་ནད་ཐོག་དངོས་ཀྱི་ལས་ཀ་ལས།

    བོད་ཕྱི་ཟུང་འབྲེལ་གྱི་ཐོག་ནས་མིག་ནད་སྐམ་ཚགས་དང་། གཤེར་ཚགས། གདུང་གྱུར། བར་འགྲིབ། རྩ་མདངས་ཉམས་པ་སོགས་ལ་སྨན་བཅོས་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་ཞིང་མིག་སྨན་བདུད་རྩི་ཕ་ལས་མིག་ནད་ཤ་མཛེར་ལ་ཐོན་པའི་ནད་ཐོག་ཞིབ་འཇུག་གྱི་རྣམ་གྲངས་ལེགས་སྒྲུབ་བྱས་ཤིང་། བོད་སྨན་སློབ་གསོ་དང་ཞིབ་འཇུག གངས་ལྗོངས་སྨན་རྩིས་སོགས་དུས་དེབ་སྟེང་དཔྱད་རྩོམ་མི་ཉུང་བ་སྤེལ་ལ་བོད་ལུགས་གསོ་རིག་བདེ་སྲུང་ཤེས་བྱའི་དཔེ་དེབ་རྩོམ་སྒྲིག་ཚོགས་ཆུང་ནང་ཞུགས།

  • བཀྲ་ཤིས་རྣམ་རྒྱལ།

    ཕོ། བོད་རིགས། ཀྲུང་གོ་གུང་ཁྲན་ཏང་ཡོན། ཆེད་ལས་བོད་སྨན། འབུམ་གཞོན་སྨན་པ། ནད་ཐོག་ཕྱག་ལས་བགྲང་བྱ་༣༠ལྷག་གནང་། ད་ལྟ་དཔྱད་བཅོས་སྡེ་ཁག་འགན་འཛིན་པའི་འགན་བཞེས། 

    རིག་གཞུང་ཞོར་འགན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་དང་། ཀྲུང་གོ་མི་རིགས་གསོ་རིག་སློབ་ཚོགས་དཔྱད་བཅོས་གསོ་ཐབས་ཡན་ལག་ཚོགས་པའི་ཚོགས་གཙོ་གཞོན་པ། བོད་ལྗོངས་ཁམས་གསོ་ལྷན་ཚོགས་ཀྱི་ལས་འཛིན་པའི་འགན་བཞེས་གནང་གི་ཡོད། ཞིབ་འཇུག་ཁ་ཕྱོགས། ཁོང་བོད་ལུགས་གསོ་རིག་ཁྱད་ལྡན་དཔྱད་བཅོས་རིག་པར་མཁས་ཤིང་། ལྷག་པར་དུ་མཐོ་སྒང་དུ་རྒྱུན་མཐོང་ན་མང་བའི་ནད་རིགས་ཁྲག་རླུང་ནད་དང་། ཁྲག་འཕེལ་ནད། དྲེག་ནད། གྲུམ་བུའི་ནད། གྲིབ་སྐྱོན་བསྐྱར་གསོའི་ནད། རླུང་ནད་གཞོགས་གཅིག་གུག་པའི་ནད། པགས་ནད། མཇིང་པ་དང་དཔུང་པ། རྐེད་པའི་ཟུག་གཟེར་ནད་རིགས་སོགས་ཀྱི་བརྟག་བཅོས་ལ་ཁྱད་དུ་འཕགས་པ་མ་ཟད། དེ་དང་འབྲེལ་བའི་རྒྱལ་ཁབ་རིམ་པ་དང་ལྗོངས་རིམ་པའི་དུས་དེབ་ཁྲོད་ལྗགས་རྩོམ་བཅུ་ཕྲག་ལྷག་སྤེལ་མྱོང་ངོ་། །

  • བཀྲ་ཤིས་དབང་འདུས།

    ཕོ།   བོད་རིགས།  ཏང་ཡོན།   རབ་འབྱམས་ཞིབ་འཇུག་སློབ་མ།    བོད་སྨན་ཆེད་ལས།     འབུམ་གཞོན་སྨན་པ།       ནད་ཐོག་སྨན་བཅོས་ལས་ལ་བཞུགས་ནས་སོང་ལོ་ ༢༤ ལྷག་ཙམ་སོང་བ།     ད་ཆ་སྙིང་ཀླད་ཁྲག་རྩའི་སྡེ་ཁག་གི་ཀྲུའུ་རིན་རྒན་པའི་འགན་ནུས་འཁུར་བཞིན་ཡོད་པ།   

    རིག་གཞུང་ལས་གནས།

    སྐབས་ལྔ་པའི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་རྒྱལ་ཡོངས་བོད་སྨན་མཁས་དབང་རྒན་གྲས་ཉམས་མྱོང་རྒྱུན་འཛིན་མི་སྣ། ཁྲེན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་སྐབས་ལྔ་པའི་རྒྱུན་འཛིན་རབ་འབྱམས་ཞིབ་འཇུག་སློབ་མ། སྐབས་དང་པོའི་བོད་ལྗོངས་གསོ་རིག་སློབ་ཚོགས་ས་མཐོའི་གསོ་རིག་ལས་སྙིང་དང་ཁྲག་རྩའི་ནད་རིགས་ཆེད་ལས་ཨུ་ཡོན། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་སྐབས་བཞི་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྔོན་ཐོན་ཤེས་ཡོན་ཅན་གསོ་སྐྱོང་མི་སྣ། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་རིམ་དབྱེའི་དཔྱད་དཔོག་སྨན་པ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སོགས་ཀྱི་མཚན་སྙན་ཐོབ།

    ཞིབ་འཇུག་ཁ་ཕྱོགས།

    ཆེད་ལས་ཐད་བོད་ལུགས་གསོ་རིགས་གཙོ་བོའི་ཐོག་ཕྱི་ལུགས་ཀྱི་ལེགས་ཆས་རྒྱན་ནས་བོད་ཕྱི་ཟུང་འབྲེལ་ཐོག་ནས་སྙིང་ཀླད་ཁྲག་རྩའི་རྒྱུན་མཐོང་ནད་རིགས་དང་ན་མང་བའི་ནད་རིགས་ལ་དམིགས་བསལ་གསོ་བཅོས་ལག་རྩལ་ལྡན་ཞིང་། ལྷག་པར་གཟའ་གྲིབ་ནད་དང་ཁྲག་རླུང་ནད། དེ་བཞིན་སྙིང་ནད་སོགས་ཀྱི་ནད་རིགས་་གི་མྱུར་སྐྱོབ་དང་སྙིང་རིས་དབྱེ་ཞིབ། སྨན་བཅོས་སོགས་ལ་ཉམས་མྱོང་ཕུན་སུམ་ཚོགས་ཞིང་བརྟག་བཅོས་ཐད་དམིགས་བསལ་འཇོན་ནུས་ལྡན་ཡོད། ཉེ་བའི་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ལོ་ལྔ་ཚན་བཅུ་གཉིས་པའི་རྒྱལ་ཁབ་རིམ་པའི་ཆེད་ཚན་ཞིབ་འཇུག་༼ཁྲག་གྲིབ་ཛ་དྲག་དུས་ཁྲག་གཏར་བའི་ནད་ཐོག་ཕན་ནུས་དབྱེ་ཞིབ།༽ཞིབ་འཇུག་ལས་དོན་ལ་རོགས་འདེགས་བྱས་པ། ལོ་ལྔ་ཚན་བཅུ་གསུམ་པའི་རྒྱལ་ཁབ་རིམ་པའི་ཆེད་ཚན་ནད་ཐོག་ཞིབ་འཇུག་རྣམ་གྲངས་༼གྲིབ་སྐྱོན་ནད་ལ་མེ་བཙའ་རྒྱབ་ནས་ཡན་ལག་བྱ་ལས་སླར་གསོའི་ནད་ཐོག་ཕན་ནུས་དབྱེ་ཞིབ་༽ཀྱི་ནད་ཐོག་ཞིབ་འཇུག་གཙོ་འགན་འཁུར་ཡོད་པ། ཞིང་ཆེན་རིམ་པའི་དུས་དེབ་ཐོག་དཔྱད་རྩོམ་དང་མཉམ་གཉེར་རྩོམ་སྒྲིག་གྲངས་ ༡༠ ཙམ་སྤེལ་ཡོད།

  • པ་སངས།

    ཆེད་ལས། བོད་གསོ། འབུམ་གཞོན་སྨན་པ། བོད་གསོ་དང་ནུབ་ལུགས་གསོ་རིག་གི་སྨན་པའི་ཐོབ་ཐང་དང་སློབ་གནས་གོ་མིང་གཉིས་ཀ་བླངས་པ།  ནད་ཐོག་ཉམས་མྱོང་ལོ་ངོ་ཉེར་བདུན།

    རིག་གཞུང་གཅིག་ལྕོགས། བོད་ལྗོངས་གསོ་རིག་པགས་ནད་དང་མཚན་མའི་ནད་རིགས་མཐུན་ཚོགས་ཀྱི་ཨུ་ཡོན། ཞིབ་འཇུག་ཁ་ཕྱོགས། ཕྱི་བཅོས་རྨས་སྐྱོན་ཆུང་བའི་ཁོང་ཤེལ་གྱི་གཤགས་ལས་རིག་པར་མཁས་ཅིང་གཞན་ཡང་བོད་ཕྱི་ཟུང་འབྲེལ་ཀྱི་ཐོག་རུས་གྲུམ་ནད་རིགས་དང་སེམས་ཁམས་ཀྱི་ནད་རིགས་ལྷག་པར་པགས་ནད་དང་མཚན་མའི་ནད་རིགས་སོགས་ལ་མཁས། ལྗོངས་རམ་པའི་ཚན་རྩལ་རྣམ་གྲངས་(བོད་ཕྱི་ཟུང་འབྲེལ་གྱི་དོས་དྲག་ནད་ཀྱི་བརྟག་བཅོས་) ཚན་རྩལ་དངདཔྱད་རྩོམ་སྐོར།རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ།ས་གནས་རིམ་པ་བཅས་ཀྱི་དཔྱད་རྩོམ་བཅུ་ལྷག་སྤེལ་ཡོད།

  • བསོད་ནམས་བག་གྲོ།

     ཕོ། བོད་རིགས།  བོད་གསོའི་ཆེད་ལས།  སྨན་པ་འབུམ་གཞོན་པ།  ད་བར་ནད་ཐོག་བྱ་བ་ལས་ནས་ལོ་ངོ་སུམ་ཅུ་སོ་ལྔ་སོང་།

    རིག་སློབ་གཅིག་ལྕོགས་ལས་གནས།

    བོད་རང་སྐྱོང་ལྗོངས་འཇུ་བྱེད་མཐུན་ཚོགས་ཀྱི་ཚོགས་མི།

    ཞིབ་འཇུག་ཁ་ཕྱོགས།

    འཇུ་བྱེད་ཁྱབ་ཁོངས་ཀྱི་ནད་རིགས་བརྟག་བཅོས་སྤྱི་དང་ཁོང་ཤེལ་བརྟག་ཐབས་ཀྱི་ལག་རྩལ་བཀོལ་སྤྱོད་ཐད་ལོ་མང་གི་མྱོང་བ་ལྡན་ཞིང་ལྷག་པར་ཕོ་བ་སྨུག་པོ་དང་མ་ཞུ་བསུད་ནད། ལོང་སྨུག་པོ། ཕོ་རུབ་བམ་ཕོ་རྒུད་ནད། མཆིན་ནད་དུག་ཐབས། སྣོད་མཁྲིས་རྙིང་ཚད། ཕོ་མིད་དང་རྒྱུ་ལོང་།སྣོད་མཁྲིས་བཅས་གཤགས་དབྱུང་རྗེས་ཀྱི་བླ་གཉན་ནད་རིགས་སོགས་ཀྱི་གསོ་བཅོས་ཐད་ཐུན་མིན་ཁྱད་ཆོས་མངོན། ཉེ་བའི་ལོ་ཤས་ནང་རྒྱལ་ཁ་རིམ་པའི་ལོ་ལྔ་ཚན་བཅིུས་ཀྱི་གཙོ་གནད་ཆེད་ཚན་རྣམ་གྲངས་འགན་ལེན་ནང་ཞུགས་པ་དང་ཆབས་ཅིག་རྒྱལ་ཁབ་སྤྱི་པའི་འཕྲོད་སྟེན་མ་མངུལ་རྣམ་གྲངས་ལས་བོད་གསོའི་འཕྲོད་སྦྱོར་ལག་རྩལ་ཁོངས་གཏོགས་བཤལ་སྦྱོངས་ཀྱིས་སྣོད་མཁྲིས་ནད་རིགས་དང་བད་སྲིན་བཅོས་པའི་ལག་རྩལ་ཁྱབ་སྤེལ་དང་ནད་ཐོག་ཕན་འབྲས་ཞིབ་འཇུག་བྱ་བ་སྤེལ་མུས། དེ་བཞིན་གྲོང་ཁྱེར་ཚན་ཨུད་རྣམ་གྲངས་ལས་བོད་སྨན་གསར་སྦྱོར་༼སྨུག་པོ་བདེ་བྱེད་༽ཀྱི་ནད་ཐོག་ཕན་འབྲས་ཞིབ་འཇུག་བྱ་བའི་ནང་ཞུགས་ཡོད་པས་ད་ཆ་སྨན་འདིར་སྨན་ཡིག་ཕྱོགས་ཨང་ཐོབ་སྟེ་ནད་ཐོག་དངོས་ནང་རྒྱ་ཁྱབ་སྤྱོད་འགོ་ཚུགས་ཡོད། དུས་མཚུངས་ལྗོངས་སྨན་རྩིས་ཁང་མཆིན་ནད་སྡེ་ཁག་གི་བཤལ་ལ་བརྟེན་ནས་མཁྲིས་པ་རྩར་རྒྱུག་ནད་བཅོས་པའི་ནད་ཐོག་ཕན་འབྲས་ཞིབ་འཇུག་གི་རྣམ་གྲངས་ལ་གཞོགས་འདེགས་བྱ་བ་ལས་ཡོད། ད་བར་ཞིང་ཆེན་རིམ་པ་སོགས་ཀྱི་གསོ་རིག་དུས་དེབ་ཐོག་ཆེད་རྩོམ་བཅུ་གྲངས་འདོན་སྤེལ་དང་རིག་གཞུང་གྲོས་ཚོགས་ཐོག་བགྲོ་གླེང་སྙན་སྒྲོན་ཞུས་ཡོད་པའོ།།

  • བསོད་ནམས།

    ཕོ།  བོད་རིགས།   ཏང་ཡོན།  བོད་སྨན་ཆེད་ལས་སློབ་ཆེན།   འབུམ་གཞོན་སྨན་པ།   ནད་ཐོག་སྨན་བཅོས་ལས་ལ་བཞུགས་ནས་སོང་ལོ་ ༣༠ ལྷག་ཙམ་སོང་བ།

    ཞིབ་འཇུག་ཁ་ཕྱོགས།

    བོད་ཕྱི་ཟུང་འབྲེལ་ཐོག་ནས་གྲིབ་སྐྱོན་ནད་དང་། ཁྲག་རླུང་ནད། སྙིང་ནད། གློ་རྒྱས་ནད་སོགས། ལྷག་པར་སྙིང་ཀླད་ཁྲག་རྩའི་ནད་རིགས་དང་འབྱིན་རྔུབ་གྱི་ནད་རིགས་ཁག་གི་ནད་གཞི་ངོས་འཛིན་དང་བརྟག་བཅོས་ལ་དམིགས་བསལ་ཁྱད་ཆོས་ལྡན་ལ་དཀའ་ཉེན་ལྕི་བའི་ནད་གཞིའི་མྱུར་སྐྱོབ་འཇོན་ནུས་ཡང་ལྡན་ཡོད། སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་ལྗོངས་རིམ་པའི་གསོ་རིག་དུས་དེབ་ཐོག་ཆེད་རྩོམ་གྲངས་ ༡༠ ཙམ་སྤེལ་ཡོད།

  • ནོར་བུ་ཚེ་རིང་།

    ནོར་བུ་ཚེ་རིང་།  སྐྱེས་པ།  བོད་རིགས།  འབུམ་གཞོན་སྨན་པ།   སྨན་དོན་སྡེ་ཁག་གི་འགན་འཛིན།  རིག་གཞུང་ལས་འགན་གཅིག་ལྕོགས།  བོད་ལྗོངས་གནམ་རིག་སྐར་རྩིས་རིག་གཞུང་སློབ་ཚོགས་ཀྱི་ཚོགས་མི།    གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་གྱི་དཔེ་མཚོན་རྒྱུན་འཛིན་པ།

    ཁྱད་ཆོས་གཙོ་བོ།

    བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་རིག་གཞུང་ལག་ལེན་ཁག་ལ་བྱང་ཆུབ་ཅིང་། ལོ་མང་གི་ནད་ཐོག་ལག་ལེན་ཕུན་སུམ་ཚོགས་ལ་ལོ་ཐོ་རྩོམ་འབྲི་དང་། རྒྱུན་མཁོའི་རྩིས་འབྲས་སྣ་ཚོགས་བརྟག་ཐུབ་པ། ལྷོ་ཁ་སྨན་རྩིས་ཁང་གི་རྩིས་པ་དང་པོའི་གྲས་ཡིན་པ་དང་། སྔ་རྗེས་སུ་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་རིམ་པའི་ཚན་རིག་ཞིབ་འཇུག་བྱ་གཞི་གསུམ་ནང་ཞུགས་ཅིང་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ་སོགས་ཀྱི་དུས་དེབ་ཐོག་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་སྐོར་གྱི་ཆེད་རྩོམ་ཉི་ཤུ་ཙམ་སྤེལ་ཡོད། དེ་ཡང་༡༩༨༩ལོར་ལྷོ་ཁ་སྨན་རྩིས་ཁང་གི་ཐེངས་དང་པོའི་ལོ་ཐོ་༼བོད་ས་སྦྲུལ་ལོའི་ལོ་ཐོ་ངོ་མཚར་སྣང་གསལ་༽ཞེས་པ་རྩོམ་སྒྲིག་འགྲེམས་སྤེལ་བྱས་པ་དང་། ༼བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོའི་༽རྩོམ་སྒྲིག་ལས་ཀར་ཞུགས་པ་འདི་ཉིད་ལ་རྒྱལ་ཁབ་གསར་འགྱུར་དཔེ་བསྐྲུན་ཅུས་ཀྱིས་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། ༼བོད་ལུགས་གསོ་རིག་གི་ཆེད་ལས་ལག་རྩལ་མི་སྣའི་གཞི་རྩ་གསུམ་གྱི་སྦྱོང་བརྡར་བསླབ་གཞི་བདུད་རྩིའི་གཏེར་མཛོད་༽ཞེས་པ་དང་། ༼དཔྱད་བཅོས་ལག་ལེན་འཇམ་དབྱངས་ལྷ་རྗེའི་ཞལ་ལུང་།༽༼བོད་ལུགས་གསོ་རིག་གི་དཔྱད་བཅོས་ཞིབ་འཇུག་དང་ལག་ལེན་༽༼བོད་རང་ལྗོངས་གཞི་རྩའི་བོད་སྨན་ནད་ཐོག་ཏུ་མཁོ་སྤྱོད་གསལ་བར་བསྟན་པ་འཚོ་བྱེད་སྨན་པའི་ལམ་ཡིག་༽༼བོད་ལུགས་གསོ་རིག་གི་ཚད་ལྡན་ནད་དེ་འབྲི་ཚུལ་༽སོགས་ཀྱི་རྩོམ་སྒྲིག་པ་གཙོ་གཞོན་གྱི་ལས་འགན་འཁྱེར་མྱོང་བ་བཅས་སོ།

  • ཉི་མ་རྡོ་རྗེ།

    ཕོ།   མོན་པ་རིགས།    གུང་ཁྲན་ཏང་ཡོན།   བོད་ལུགས་གསོ་རིག་ཆེད་ལས།   འབུམ་གཞོན་སྨན་པ།    ནད་ཐོག་ལས་ཀ་བྱས་ནས་ལོ་༣༥ སོང་བ།  ད་ལྟ་ལྷོ་ཁ་སྨན་རྩིས་ཁང་འཇུ་བྱེད་སྡེ་ཁག་གི་ཀྲུའུ་རེན་གྱི་འགན་འཁུར་བཞིན་ཡོད་པ།   

    གཅིག་ལྕོགས་རིག་ཚན་ལས་གནས།

    སྲིད་གྲོས་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་འཇུ་བྱེད་མཐུན་ཚོགས་ཚོགས་མིའི་འགན་འཁུར།

    ཞིབ་འཇུག་ཁ་ཕྱོགས།

    འཇུ་བྱེད་མ་ལག་ནད་གཞི་ ( ཕོ་བ་སྨུག་པོའི་ནད་དང་། ལོང་སྨུག་པོ། ལྷེན་དང་ལྕགས་དྲེག མེ་ཉམས་ལས་གྱུར་བའི་ཕོ་རུབ་ནད། མཆིན་ནད་དུག་ཐབས་ཟགས་ཆུ་ཅན་) བཅས་ཀྱི་གསོ་བཅོས་ཐད་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས། སྔ་ཕྱིར་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གཉིས་ཆེད་ཚན་འཛུགས་བསྐྲུན་རྣམ་གྲངས་ནང་ཞུགས་པ་དང་། དུས་མཚུངས་རྒྱལ་ཁབ་སྤྱི་པའི་འཕྲོད་བསྟེན་གྱི་ཞིབ་འཇུག་རྣམ་གྲངས་བོད་ལུགས་གསོ་རིག་གི་འཕྲོད་སྦྱོར་ལག་རྩལ་བཤལ་ལ་བསྟེན་ནས་བད་སྲིན་སྦྱོང་བའི་ལག་རྩལ་ཁྱབ་སྤེལ་ནད་ཐོག་ཞིབ་འཇུག་རྣམ་གྲངས་འགན་འཁུར། དེ་བཞིན་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཞིབ་འཇུག་རྣམ་གྲངས་གསར་སྦྱོར་བོད་སྨན་༼ སྨུག་པོ་བདེ་བྱེད་༽ ནད་ཐོག་ཕན་ནུས་ཞིབ་འཇུག་ནང་ཞུགས། གཞན་ཡང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་མཆིན་ནད་སྡེ་ཁག་དང་མཉམ་སྒྲུབ་ཐོག་བོད་ལུགས་གསོ་རིག་གི་བཤལ་སྦྱོང་ལག་ལེན་གྱི་གཉན་རིམས་མཁྲིས་པ་རྩར་རྒྱུག་བཅོས་པའི་ནད་ཐོག་ཞིབ་འཇུག་ནང་ཞུགས་པ་མ་ཟད་རང་སྐྱོང་ལྗོངས་ཚན་རྩལ་ཅུས་ཀྱི་བྱ་དགའ་རིམ་པ་གསུམ་པ་ཐོབ། སྔ་ཕྱིར་ཞིང་ཆེན་རིམ་པའི་དུས་དེབ་ཐོག་ནད་ཐོག་ཆེད་རྩོམ་བཅུ་ཙམ་སྤེལ་ཡོད་པ་བཅས་སོ།

  • ཆོས་ཉིད་དཔལ་འབར།

    ཕོ། བོད་རིགས། འབུམ་གཞོན་སྨན་པ། རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་གནས་ལྡན། ཐ་མལ་ནད་མེད་སྡེ་ཁག་གི་འགན་འཛིན་པ་ཡིན། བགྲང་བྱ་བཅུ་བདུན་ལྷག་ཙམ་ནད་ཐོག་དངོས་ནང་ལས་ཀ་ལས་ཞིང་མིག་སྔར་བོད་ཕྱི་ཟུང་འབྲེལ་གྱི་ཐོག་ནས་གློ་བའི་ནད་དང་།

    ཁ་ནད་སོགས་ནད་རིགས་གསོ་བཅོས་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་། བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བྱ་རྒྱུར་ནང་བྱན་ཆུད། ད་ལྟ་ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་ནད་མེད་ཚེ་བསྲིང་ཡན་ལག་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་། རྒྱལ་ཁབ་ཀྲུང་གསོ་དོ་དམ་ཅུས་ཀྲུང་ལུགས་གསོ་རིག་༼བོད་ལུགས་གསོ་རིག༽ཚན་རྩལ་རིག་གནས་དྲིལ་བསྒྲགས་ཚོགས་པའི་མཁས་དབང་ཁོངས་མི་སོགས་ཀྱི་ལས་འགན་འཁུར་བཞིན་མཆིས། སྔ་ཕྱིར་ཀྲུང་གོའི་མི་རིགས་གསོ་རིག་དུས་དེབ་སོགས་ཀྱི་སྟེང་དུ་དཔྱད་རྩོམ་གྲངས་ཉི་ཤུ་ལྷག་ཙམ་སྤེལ་ཞིང་། 《བོད་ལུགས་གསོ་བ་རིག་པའི་ཐ་མལ་ནད་མེད་ཀྱི་ཕྱོགས་སྟོན་བདེ་ཐང་འདྲེན་པའི་ལྕགས་ཀྱུ།》ཞེས་པའི་ཆེད་དེབ་རྩོམ་སྒྲིག་དཔེ་སྐྲུན་བྱས་ལ། བོད་ལུགས་གསོ་རིག་གི་རང་བཞིན་བརྟག་པའི་མཉེན་ཆས་གསར་སྤེལ་བྱས། ཞར་དུ་རྒྱལ་ཁབ་དང་ལྗོངས་རིམ་པའི་ཞིབ་འཇུག་གནད་གཞི་དྲུག་ཙམ་གཙོ་འགན་འཁུར་ཏེ་ལེགས་གྲུབ་ཞུས།

  • རིག་འཛིན་རྡོ་རྗེ།

     ཕོ། བོད་རིགས། ཏང་ཡོན། བོད་ལུགས་གསོ་རིག་གི་ཆེད་ལས་སྨན་པ་འབུམ་གཞོན། སྨན་བཅོས་ལས་ཀ་བྱས་ནས་ལོ་༣༥ཙམ་འདས།   

    ཞིབ་འཇུག་ཁ་ཕྱོགས། ཆེད་ལས་ཐད་བརྡབས་རྨས་རྐྱེན་གྱི་རུས་པ་ཆག་པ་དང་། ཚིགས་བུད་པ་ལ་རུས་སྒྲིག་ཆག་འཆིང་དང་། ཚིགས་འཇུག་པ། དེ་མིན་དྲེག་གྲུམ་ནད་དང་མཇིང་ཚིགས་ནད། རུས་ཟན་ནད། རླུང་ནད་ཤིང་རེངས། བརྡབ་རྨས་རང་བཞིན་ལ་མྱུར་སྐྱོབ་བྱ་ཐབས་སོགས་མདོར་ན་རུས་པའི་ནད་རིགས་གསོ་བཅོས་ཐད་ཁྱད་དུ་འཕགས་པའི་ལག་རྩལ་ལྡན།དེ་སྔ་ཞིང་ཆེན་རིམ་པའི་ཚན་རྩལ་ཞིབ་འཇུག་རྣམ་གྲངས་ཁག་གསུམ་ཙམ་ལ་གཙོ་སྐྱོང་དང་ལས་འགན་སྤུས་ལེགས་ཐོག་ནས་བསྒྲུབ་མྱོང་ཡོད་ཅིང་སྒེར་གྱི་མིང་ཐོག་ཆེད་ལས་ཀྱི་དཔེ་དེབ་ཁག་གཉིས་ཙམ་འགྲེམ་སྤེལ་བྱས་པ་དང་དེ་མིན་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་ཐོག་ཆེད་རྩོམ་མང་པོ་སྤེལ་ནས་བྱ་དགའ་ཐོབ་མྱོང་ཡོད། ད་ཆ་ཞིང་ཆེན་རིམ་པའི་ཚན་ཞིབ་རྣམ་གྲངས་གཅིག་ལ་གཙོ་འགན་འཁུར་བཞིན་མཆིས།

  • ཚེ་རིང་སྒྲོལ་དཀར།

    ཚེ་རིང་སྒྲོལ་དཀར། རབ་འབྱམས་སྨན་པ། ཆེད་ལས་སློབ་ཆེན་གྱི་སློབ་གནས།

    སྤྱི་༡༩༩༢ལོར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་སོང་། ༢༠༠༥ལོར་ཧུ་པེ་ཨེ་ཀྲའུ་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་གསུས་པའི་སྒྲ་བརྒལ་ལག་རྩལ་སློབ་སྦྱོང་བྱས་ཤིང་ལོ་ངོ་ཉི་ཤུ་ལྷག་གི་སྒྲ་བརྒལ་ནད་ཐོག་དངོས་ཀྱི་ལས་ཀ་བྱས། མིག་སྔར་གསོ་རིག་གཞུང་ལུགས་ཀྱི་རྨང་གཞི་བརྟན་ལ། ནད་ཐོག་ལག་ལེན་ལ་ནང་བྱན་ཆུད་པ། གསུས་པ་དང་། མོ་ནད། སྙིང་དང་ཁྲག་རྩ། ལུས་ཕྱི་ངོས་ཀྱི་སྒྲ་བརྒལ་བརྟག་དཔྱད་ལག་རྩལ་རྩེར་གསོན་ཞིང་ཁྱད་པར་ཨོལ་མདུད་གཤེར་རྨེན་དང་། ནུ་མ། མིག་འབྲས་སོགས་ཀྱི་ནད་གཞིའི་སྒྲ་བརྒལ་ནད་གཞི་ངོས་འཛིན་དང་། འཁྲུལ་སོ་སེལ་ཐབས་ཐད་ཆེས་ཕུལ་དུ་བྱུང་བའི་ལག་རྩལ་གྱི་ཁྱད་ཆོས་ལྡན། སྔ་ཕྱིར་རང་གྲོང་ཁྱེར་གྱི་མཆིན་པའི་སྲིན་སྐྲན་ནད་གཞི་འདེམས་སྒྲུག་གི་ལས་ལ་ཞུགས་ཤིང་ལྗོངས་ཕྱི་ནང་གི་གསོ་རིག་དུས་དེབ་ཐོག་གསུས་པ་དང་མོ་ནད་སོགས་སྒྲ་བརྒལ་བརྟག་ཐབས་སྐོར་གྱི་དཔྱད་རྩོམ་འགའ་ཤས་སྤེལ་ཡོད་པ་བཅས་སོ། །

  • ཀརྨ་རྒྱལ།

    ཀརྨ་རྒྱལ། ཕོ། བོད་རིགས། ཀྲུང་གུང་ཏང་ཡོན། བོད་ལུགས་གསོ་རིག་ཆེད་ལས། འབུམ་གཞོན་སྨན་པ། ནད་ཐོག་སྨན་བཅོས་ཀྱི་ལས་ཀ་བྱས་ནས་ལོ་26ཕྱིན།ད་ལྟ་རུས་དྲེག་གྲུམ་རུས་ནད་ཚན་ཁག་གི་ཀྲུའུ་རེན་གི་འགན་བཞེས། 

    རིག་གཞུང་དང་ལས་འགན་གཅིག་ལྕོགས།

    བོད་ལྗོངས་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བརྒྱད་པའི་ཨུ་ཡོན། བོད་ལྗོངས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཐེངས་དྲུག་པའི་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་རིགས་གཅིག་མཁས་དབང་གི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་པ།

    ཞིབ་འཇུག་གི་ཁ་ཕྱོགས།

    དྲེག་གི་ནད། གྲུམ་བུའི་ནད། འབམ་ནད། མཁལ་འགྲམས་ནད། མཇིང་ཚིགས་ནད། བད་རླུང་མགོ་ནད། རྩ་དཀར་ནད། བརྒྱལ་གཟེར་ནད། རླུང་ནད་ཤིང་རེངས་ནད། རུས་ཆག་ནད། པགས་ནད་སོགས་ཀྱི་ནད་རིགས་གསོ་བཅོས་བྱེད་པར་ཤིན་ཏུ་མཁས། ཉེ་བའི་ལོ་ཤས་རིང་ཞིང་ཆེན་དང་དེ་བཞིན་གྲོང་ཁྱེར་རིམ་པའི་ཚན་ཞིབ་ལས་གཞི་8གཙོ་སྐྱོང་དང་དེའི་ནང་ཞུགས་པ་དང་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་དུས་དེབ་གཙོ་བོའི་ནང་ཆེད་ལས་རིག་གཞུང་གི་དཔྱད་རྩོམ་10ལྷག་ཙམ་སྤེལ་བ་དང་རྒྱལ་ཁབ་ཤེས་བྱ་བདག་དབང་ཅུས་ནས་གསར་གཏོད་ཁེ་བེད་3ཐོབ་ཡོད།

  • སྐལ་བཟང་ནོར་བུ།

    སྐལ་བཟང་ནོར་བུ།  རབ་འབྱམས་སྨན་པ།   སྒྲ་བརྒལ་གསོ་རིག་ཚན་པའི་འགན་ཁུར་མི་སྣ། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་དངོས་གཞིའི་སློབ་ཆེན་གྱི་སློབ་གནས་ལྡན།  ད་ལྟ་བོད་རང་སྐྱོང་ལྗོངས་གསོ་རིག་སློབ་ཚོགས་སྒྲ་བརྒལ་ཆེད་ལས་ཡན་ལག་སློབ་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་དང་། སྒྲ་བརྒལ་ཆེད་ལས་སྤུས་ཚད་དོ་དམ་ལྟེ་གནས་ཀྱི་དོ་དམ་མི་སྣའི་འགན་ཁུར་བ། 

    ད་བར་བགྲང་བྱ་༢༠ལ་ཉེ་བར་སྒྲ་བརྒལ་ཆེད་ལས་ཀྱི་ནད་ཐོག་ལས་ཀར་ཞུགས་ཤིང་། སྔ་རྗེས་སུ་ལྗོངས་མི་དམངས་སྨན་ཁང་དང་ཧུ་ནན་ཞིང་ཆེན་མི་དམངས་སྨན་ཁང་སོགས་ལྗོངས་དང་ཞིང་ཆེན་གྱི་རིམ་གསུམ་ཀ་པའི་སྨན་ཁང་དུ་སྒྲ་བརྒལ་ཆེད་ལས་ཀྱི་ལག་རྩལ་རིག་གཞུང་ཁག་ལ་ཟབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཐོབ། མིག་སྔར་གསོ་རིག་སྤྱི་ཡི་རྨང་གཞི་བརྟན་ལ་རང་ཁོངས་སྒྲ་བརྒལ་ཆེད་ལས་ཀྱི་ལག་རྩལ་ཁག་ཚད་ལྡན་དང་སྤུས་ལེགས་ཀྱིས་བཀོལ་སྤྱོད་ཐུབ་པ་མ་ཟད། ཁྱད་པར་དུ་སྙིང་དང་ཁྲག་རྩ་གསུས་པའི་མ་ལག་གྱི་དོན་སྣོད་སྒྲ་བརྒལ་བརྟག་དཔྱད་ཀྱི་ནད་གཞི་ངོས་འཛིན་དང་འཁྲུལ་སོ་སེལ་ཐབས། དེ་བཞིན་ནད་ཐོག་སྡེ་ཁག་དང་མཉམ་གཉེར་གྱིས་ཐུར་མའི་ལག་རྩལ་ཐད་ཆེས་ནང་བྱན་ཆུད་པའི་ལག་རྩལ་ལྡན་ཡོད། སྔ་ཕྱིར་རང་གྲོང་ཁྱེར་གྱི་ཐུམ་སྲིན་ནད་དང་ལྷན་སྐྱེས་སྙིང་ནད་ནད་གཞི་འདེམས་སྒྲུག་གི་ལས་དང་། བོད་ལྗོངས་སློབ་ཆེན་གྱི་གཙོ་འགན་བཞེས་པའི་ཞིབ་འཇུག་གི་རྣམ་གྲངས་ལ་ཞུགས་ཤིང་། ལྗོངས་ཕྱི་ནང་གི་གསོ་རིག་དུས་དེབ་ཐོག་ཆེད་ལས་ཀྱི་དཔྱད་རྩོམ་འགའ་ཤས་སྤེལ། །

  • པ་སངས་དབང་འདུས།

    པ་སངས་དབང་འདུས།  ཕོ།  བོད་རིགས། གུང་ཁྲན་ཏང་ཡོན། ཕྱི་བཅོས་སྡེ་ཁག་ཀྲུའུ་རེན། འབུམ་རམས་སྨན་པ།  བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དངོས་གཞིའི་སློབ་མ་དང་།ཁྲེན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞིབ་འཇུག་སློབ་མ། སྐབས་བཞི་པའི་བོད་ལུགས་གསོ་རིག་དགེ་རྒན་དགེ་ཁྲུག་སློབ་ཐོན་སློབ་མ། བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་སློབ་དཔོན། བོད་རང་སྐྱོངས་ལྗོངས་སྐབས་དགུ་པའི་ཏང་གི་ཚོགས་ཆེན་འཐུས་མི།

    ཁོང་ཉིད་སྨན་བཅོས་ལས་ཀར་ཞུགས་ནས་ལོ་ངོ་ཉེར་བརྒྱད་སོང་བ་དང་།བོད་ལུགས་གསོ་རིག་ནད་ཐོག་སྨན་བཅོས་ཉམས་མྱོང་ཕུན་སུམ་ཚོགས་པ་མ་ཟད། སྣོད་མཁྲིས་རྡོ་སྐྲན་ནད་དང་།སྣོད་མཁྲིས་མ་ལམ་རྡེ་སྐྲན་ནད། རྒྱུ་ལྷག་གཉན་ཚད་སོགས་ཀྱི་ནད་རིགས་ཁག་ལ་དེང་དུས་གསོ་རིག་གློག་རྡུལ་ཁོང་ཤེལ་གཤག་བཅོས་ཀྱི་ལག་རྩལ་མཆོག་ཏུ་གྲགས། དེ་བཞིན་རུས་ཆག་སོགས་ཀྱི་ཕྱི་བཅོས་ནད་རིགས་ཁག་དང་།དཀའ་ཉེན་ལྕི་བའི་ནད་གཞིར་བོད་ཕྱི་ཟུང་འབྲེལ་གྱི་བརྟག་བཅོས་དང་།མྱུར་སྐྱོབས་སོགས་ཀྱི་ནད་ཐོག་ལག་རྩལ་ཁྱད་ནུས་དམིགས་གསལ་ལྡན་ཡོད།

    ལས་ཀར་ཞུགས་ནས་ཁྱོན་དཔྱད་རྩོམ་ཁག་༡༢ཙམ་དུས་དེབ་ཁག་ནང་འདོན་སྤེལ་བྱས་ཡོད་པ་དང་།རང་ཉིད་ནས་གཙོ་འགན་ཁུར་བའི་ལྗོངས་རིམ་པའི་ཞིབ་འཇུག་རྣམ་གྲངས་༼བོད་ཕྱི་ཟུང་འབྲེལ་གྱིས་དོན་སྣོད་གླང་འཐབ་ནད་ཀྱི་བརྟ་བཅོས་ཇུས་གཞི་༽དེ་ཡང་༢༠༡༩ལོར་ཚད་མཐོར་ལེགས་གྲུབ་ཞུས་ཡོད།

  • པད་མ་བདེ་སྐྱིད།

    བུད་མེད།   བོད་རིགས།   ཀྲུང་གུང་ཏང་ཡོན།  སྨན་པ་འབུམ་གཞོན་གཞོན།    བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་ནས་ཐོན་པ་དང་སློབ་གྲྭ་ཐོན་རྗེས་ཁོང་ནད་དང་བྱིས་པའི་ནད་ཀྱི་ནད་ཐོག་སྨན་བཅོས་ཀྱི་བྱ་བར་འཇུག་ཅིང་།   

    སྙིང་རིས་བརྟག་དཔྱད་ཀྱི་ཆེད་ལས་ལ་ཞུགས་ནས་ལོ་ངོ་༤༠ལྷག་ཙམ་སོང་བ་དང་། སྣ་ཚོགས་ནད་རིགས་ ཀྱི་སྙིང་རིས་མཚོན་ཚུལ་དང་རྙོག་འཛིང་ཆེ་ལ་དཀའ་གནད་ཆེ་བའི་སྙིང་རིས་ཁག་ལ་དབྱེ་ཞིབ་དང་། ངོས་འཛིན། དབྱེ་འབྱེད་བརྟག་དཔྱད་བཅས་ཁོང་དུ་ཆུད་པ་དང་ནད་ཐོག་དངོས་ནང་དཀའ་གནད་ཐག་གཅོད་བྱེད་པའི་ནུས་པ་ཡང་ཤིན་ཏུ་ལེགས། མ་འོངས་པའི་ཞིབ་འཇུག་ཁ་ཕྱོགས་ཀྱང་ཁྲག་རླུང་ནད་དང་། ཁྲག་གཟེར། སྙིང་གཟེར། སྙིང་ཚད། སྙིང་རྒུད་སོགས་གཙོ་བོ་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ངོས་འཛིན་དང་གསོ་བཅོས་ཡང་དག་བྱེད་རྒྱུ་དེ་ཡིན་པ་དང་། ད་ལྟ་སྨན་ཁང་སྙིང་པར་བརྟག་དཔྱད་ཁང་གི་འགན་ཁུར་བཞིན་ཡོད་ལ་སྔ་ཕྱིས་སུ་༼དོས་དྲག་སྙིང་གཟེར་ནད་ཀྱི་སྙིང་པར་གློག་རིས་བརྟག་དཔྱད་ནད་ཐོག་དབྱེ་ཞིབ།༽ཅེས་པའི་དཔྱད་གཞི་དང་ཉེར་སྤྱོད་ལག་ལེན་གྱི་རིན་ཐང་ལྡན་པའི་དཔྱད་རྩོམ་བརྒྱད་ལྷག་སྤེལ་ཡོད་པ་བཅས་སོ།

  • པ་སངས་ལྷུན་གྲུབ།

    ཕོ། བོད་རིགས།   གུང་ཁྲན་ཏང་ཡོན།  བོད་ལུགས་གསོ་རིག་གི་ཆེད་ལས། སྨན་གཉེར་འབུམ་གཞོན།  མཁས་དབང་འཇམ་དབྱངས་ལྷུན་གྲུབ་མཆོག་གི་རྒྱུན་འཛིན་སློབ་མ། ད་བར་ནད་ཐོག་དང་སྨན་སྦྱོར་ཞིབ་འཇུག  གནམ་རིག་སྐར་རྩིས་སོགས་ཀྱི་བྱ་བ་སྒྲུབ་ནས་ལོ་ངོ་སོ་བཞི་ཙམ་སོང་། 

    རིག་ཚན་ལས་སྒྲུབ།

    སྔ་ཕྱིར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་དགེ་རྒན་དང་། བོད་ལྗོངས་གནམ་རིག་སྐར་རྩིས་རིག་གཞུང་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་བོད་སྨན་མཐོ་རིམ་ཆེད་ལས་ལག་རྩལ་གོ་མིང་དཔྱད་འདེམས་མཁས་དབང་། བོད་ལྗོངས་བོད་སྨན་སྨན་རྫས་དཔྱད་དཔོག་མཁས་དབང་གི་ཁོངས་མི། བོད་ལུགས་གསོ་བ་རིག་པའི་ལག་རྩལ་དཔེ་ཚད་ཨུ་ལྷན་གྱི་ཨུ་ཡོན། རྒྱལ་ཁབ་ཆེད་ལས་སྨན་གཉེར་ཐོབ་ཐང་རྒྱུག་བཤེར་ལས་དོན་གྱི་མཁས་དབང་། ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལས་སྨན་མར་སྦྱོར་བཟོའི་ལག་རྩལ་ཚབ་མཚོན་རྒྱུན་འཛིན་པ་སོགས་ཀྱི་འགན་སྒྲུབ་བཞིན་མཆིས།

    ཞིབ་འཇུག་གི་ཁ་ཕྱོགས།

    སྨུག་པོའི་ནད་རིགས་ཁག་ལ་གསོ་བཅོས་བྱེད་པའི་མྱོང་བ་ཕུན་སུམ་ཚོགས་ཤིང་། དེ་མིན་སྨན་སྦྱོར་ཞིབ་འཇུག་དང་ཁྱད་ལྡན་ཁ་ཚར་ལག་ལེན་སོགས་ལ་གཞུང་དང་ལག་ལེན་གང་ཅིར་ཤེས་ཡོན་ཕུན་སུམ་ཚོགས་པོ་ཡོད། སྔ་ཕྱིར་རྒྱལ་ཁབ་དང་ལྗོངས་རིམ་པ། གྲོང་ཁྱེར་རིམ་པ་སོགས་ཀྱི་ཚན་ཞིབ་རྣམ་གྲངས་ཁག་བཞི་ཙམ་ལ་གཙོ་འགན་དང་མཉམ་ཞུགས་བྱེད་མྱོང་བ་མ་ཟད། ད་ལྟ་ཅུད་རིམ་པའི་རྣམ་གྲངས་ཁག་གཉིས་ཙམ་ལག་བསྟར་བྱེད་བཞིན་ཡོད། སྔ་རྗེས་སུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གནད་དུས་དེབ་ཐོག་དཔྱད་རྩོམ་བཅོ་ལྔ་ཙམ་སྤེལ་ཡོད་ལ། བོད་ལུགས་གསོ་བ་རིག་པའི་གཉེན་པོ་ཁ་ཚར་གྱི་ལག་ལེན་གསར་བུའི་འཇུག་ངོགས་ཞེས་པ་དང་། སྨན་སྦྱོར་ནུས་པའི་ཚིག་དོན་མཆན་འགྲེལ་བློ་གསར་འཇུག་སྒོ་ཞེས་པའི་དཔེ་དེབ་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། གཡུ་རྙིང་བཅུ་གསུམ་དང་བདུད་རྩི་མཆོག་སྨན་སོགས་ཁྱད་འཕགས་སྨན་སྦྱོར་ཞིབ་འཇུག་དང་གསར་སྤེལ་བྱས་ཡོད་ཅིང་སློབ་མའང་མང་དག་གསོ་སྐྱོང་བྱས་ཡོད། །

  • ཚེརིང།

    ཚེརིང། ཕོ་ བོད་རིགས་ ཀྲུང་གོ་གུང་ཁྲན་ཏང་ཡོན།  ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དོས་དྲག་དང་དཀའ་ཉེན་ལྕི་བའི་སྡེ་ཁག་གི་དབུ་འཛིན་དང་འབུམ་གཞོན་ལས་གཉེར་སྨན་པ། བོད་ལྗོངས་ལྕི་ཉེན་སློབ་ཚོགས་ཀྱི་ཚོགས་མི། ཀྲུང་ཧྭ་གསོ་རིག་སློབ་ཚོགས་ལྕི་ཉེན་སློབ་ཚོགས་ཀྱི་5Sསློབ་མ།  བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཚོགས་ཀྱི་ཚོགས་མི།  རྒྱལ་ཡོངས་ཐེངས་བཞི་པའི་ཀྲུང་ལུགས་གསོ་རིག་༼བོད་ལུགས་གསོ་རིག་ཐེངས་དང་པོ་༽ཕུལ་བྱུང་གི་ཤེས་ལྡན་མི་སྣ། བོད་ལུགས་གསོ་རིག་ཚད་ལྡན་ནད་སྡོད་སྨན་པའི་སྐུ་བཅར་སློབ་དཔོན་བཅས་ཡིན་པ། 

    ཚེརིང། ཕོ་ བོད་རིགས་ ཀྲུང་གོ་གུང་ཁྲན་ཏང་ཡོན། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དོས་དྲག་དང་དཀའ་ཉེན་ལྕི་བའི་སྡེ་ཁག་གི་དབུ་འཛིན་དང་འབུམ་གཞོན་ལས་གཉེར་སྨན་པ། བོད་ལྗོངས་ལྕི་ཉེན་སློབ་ཚོགས་ཀྱི་ཚོགས་མི། ཀྲུང་ཧྭ་གསོ་རིག་སློབ་ཚོགས་ལྕི་ཉེན་སློབ་ཚོགས་ཀྱི་5Sསློབ་མ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཚོགས་ཀྱི་ཚོགས་མི། རྒྱལ་ཡོངས་ཐེངས་བཞི་པའི་ཀྲུང་ལུགས་གསོ་རིག་༼བོད་ལུགས་གསོ་རིག་ཐེངས་དང་པོ་༽ཕུལ་བྱུང་གི་ཤེས་ལྡན་མི་སྣ། བོད་ལུགས་གསོ་རིག་ཚད་ལྡན་ནད་སྡོད་སྨན་པའི་སྐུ་བཅར་སློབ་དཔོན་བཅས་ཡིན་པ། ད་བར་བོད་ཕྱི་ཟུང་འབྲེལ་གྱི་ནད་ཐོག་དངོས་ནངལས་གཉེར་སྨན་པའི་ལས་འགན་གྲུབ་ནས་ལོ་ངོ་ཉེར་དགུ་ཙམ་སོང་བ་དང་། ཉེ་ལམ་ལོ་ངོ་ལྔ་ཙམ་རིང་དཀའ་ཉེན་ལྕི་བ་དང་དོས་དྲག་གསོ་བྱར་མུྱུར་སྐྱོབ་དང་ཚེ་སྲོག་གི་རྒྱབ་སྐྱོར་སོགས་ཀྱི་ལས་དོན་གྲུབ་བཞིན་ཡོད་། སྨན་བཅོས་ལག་ལེན་ནང་གཙོ་བོ་བོད་ཕྱི་ཟུང་འབྲེལ་གྱི་ཕྱི་བཅོས་ནད་རིགས་ཀྱི་གསོ་བཅོས་དང་གཤགས་བཅོས་རྗེས་ཀྱི་དམིགས་བསལ་བལྟ་སྐྱོང་དང་མྱུར་སྐྱོབ་། དོད་དྲག་རང་བཞིན་གྱི་དོན་སྣོད་ཀྱི་ནུས་ཉམས་། དཀྱེལ་ཆེའི་སྙིང་ཀླད་ཁྲག་རྩའི་ནད་རིགས། དཀའ་ཉེན་ལྕི་བའི་གསོ་བྱའི་ལུས་ཟུངས་གསོ་བ་། ན་ཟུག་དང་སེམས་ཁམས་གསོ་བ་སོགས་མདོར་ན་དཀའ་ཉེན་ལྕི་བའི་གསོ་བྱར་བོད་ལུགས་ལ་ཕྱི་ལུགས་ཀྱིས་ཟུར་རྒྱན་པའི་ཆེས་མཐོའི་སྨན་བཅོས་ཀྱི་བྱ་བཞག་གྲུབ་བཞིན་པ་ཟད་ལས་ཞོར་དུ་ས་ཁུལ་རིམ་པའི་ཚན་ཞིབ་རྣམས་གྲངས་གཅིག་ལེགས་གྲུབ་བྱས་པ་དང་། མི་སྒེར་གྱི་བརྩམས་ཆོས་དཔེ་དེབ་གཅིག་པར་ཐེངས་གཉིས་འགྲེམ་སྤེལ་བྱས་པ། རྒྱལཁབ་རིམ་པའི་སྲོག་ཤིང་དུས་དེབ་ནང་དཔྱད་རྩོམས་ཁག་གཉིས། ཞིང་ཆེན་རིམ་པའི་སྲོག་ཤིང་དུས་དེབ་ནང་དཔྱད་རྩོམ་ཁག་དྲུག་ཙམ་སྤེལ་ཡོད་པ་བཅས་སོ།

  • ཟླ་བ།

    ཟླ་བ།      ཕོ།     བོད་རིགས།      ཏང་ཡོན།    བོད་སྨན་ཆེད་ལས།    འབུམ་གཞོན་སྨན་པ།    བོད་ལུགས་གསོ་རིག་གི་བྱ་གཞག་ཐོག་བཞུགས་ནས་ལོ་ངོ་༣༠ལྷག་སོང་བ།   

    རིག་ཚན་མཉམ་གཉེར།

    རྒྱལ་ཡོངས་སྐབས་ལྔ་པའི་བོད་སྨན་གྲགས་ཅན་སྨན་པ་བཀྲ་རྒྱལ་ལགས་ཀྱི་རིག་གཞུང་དགོངས་པའི་རྒྱུན་འཛིན་མི་སྣ་ཡིན།

    ཞིབ་འཇུག་ཁ་ཕྱོགས།

    ཁོང་བོད་ལུགས་གསོ་རིག་གི་ཁོང་ནད་དང་། པགས་ནད་ལ་ཁྱད་དུ་འཕགས་ཤིང་། སྔ་ཕྱིར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཚན་ཞིབ་རྣམ་གྲངས་༤ དང་། ལྗོངས་རིམ་པའི་ཚན་རིག་ཞིབ་འཇུག་རྣམ་གྲངས་༡ནང་བཞུགས་པ། ལྗོངས་རིམ་པའི་ལྟེ་བའི་དུས་དེབ་ནང་རྩོམ་ཡིག་༡༢ཙམ་སྤེལ་མྱོང་ཡོད།