ནད་ཐོག་ཁའོ་
འཕྲོ་འོད་ཚན་ཁག་

སྤྱི་ལོ་༡༩༨༢ལོར་ངེད་ཚན་ཁག་འཛུགས་སྐྱོང་བྱས་པ་ནས་བཟུང་སྐབས་རིམ་བྱུང་གི་འཕྲོ་འོད་ཚན་པའི་ལས་དོན་མི་སྣས་དཀའ་སྤྱད་ལས་གཏོད་དང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད་ད་ཆ་ངེད་ཚན་ཁག་འདི་ཉིད་སྨན་རྩིས་ཁང་གི་གཟུགས་བརྙན་ཞིབ་བཤེར་དང་། ནད་དཔྱད། གཞོགས་འདེགས་སྨན་བཅོས་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་གཙོ་གནད་རིག་ཚན་ཞིག་ཏུ་གྱུར་ཡོད་ལ། ངེད་སྨན་ཁང་གི་ནད་ཐོག་སྨན་བཅོས་དང་། བདེ་ཐང་གཟུགས་བཤེར། ཚན་ཞིབ་སློབ་ཁྲིད་སོགས་ཀྱི་འགན་ཡང་འཁུར་གྱི་ཡོད་པ་རེད། འཕྲོ་འོད་ཚན་ཁག་གི་བརྙན་ཕབ་སྒྲིག་ཆས་སྔོན་ཐོན་ཡིན་ཞིང་། ལག་རྩལ་གྱི་སྟོབས་ཤུགས་ཧ་ཅང་ཆེ། ད་ལྟ་ངེད་ཚན་ཁག་ལ་ཨ་རིའི་GEཀུང་སིས་ཐོན་སྐྱེད་བྱས་པའི་དུང་འཁྱིལ་CTདང་། ཧྥེ་ལི་ཕུའུ་ཐིག་མང་དུང་འཁྱིལ་CTའཕྲུལ་འཁོར། འཇར་པན་ ཏའོ་ཅིན་ 800MADRའཕྲུལ་འཁོར། ཧྲང་ཧའེ་ཕན་ཐེ་ནས་ཐོན་པའི་ཁའི་ལྗོངས་ཡོངས་ཀྱི་པར་ལེན་འཕྲུལ་འཁོར། མཚོན་རྟགས་སྣ་ཚོགས་ཀྱི་ནང་འདྲེན་རྣོ་འོད་པར་ཆས་བཅས་དང་དེ་བཞིན་གསོ་རིག་གི་བརྙན་ཕབ་གསོག་འཇོག་དང་བརྒྱུད་གཏོང་མ་ལག་སོགས་རྩེར་སོན་འཕྲུལ་ཆས་སྣ་ཚོགས་ཡོད་པ་མ་ཟད། གྲངས་གཞི་ཅན་གྱི་བརྙན་གྲུབ་དང་དྲ་རྒྱ་ཅན་གྱི་དོ་དམ་ཡང་བྱས་ཡོད་པ་རེད།

ད་ལྟ་ངེད་ཚན་ཁག་ཏུ་འབུམ་གཞོན་སྨན་པ།1དང་། རབ་འབྱམས་སྨན་པ། 2 སྨན་པ་དཀའ་བཅུ་པ། 2 ཆེད་ལས་ལག་རྩལ་པ།3 ནད་སྐྱོང་པ། 1 བཅས་ཡོད། མིག་སྔར་སྤེལ་བའི་རྣམ་གྲངས་ཐད་ལ་མ་ལག་ཁག་གི་རྒྱུན་སྲོལ་གྱི་བརྟག་དཔྱད་དང་CTབརྟག་དཔྱད་དང་། དམིགས་བསལ་གྱི་བརྟག་དཔྱད། དཔེར་ན། མཁྲིས་ལམ་གྱི་སྦུ་གུའི་བརྙན་བཟོ་དང་། སྡོད་རྩ་རྒྱུད་དེ་གཅིན་ལམ་བརྙན་བཟོ། འཇུ་ལམ་བརྙན་ཕབ། CTདཔངས་གསུམ་བསྐྱར་བཟོའི་བཤེར་འབེབས། CTཆེས་གསལ་བརྟག་དཔྱད། མགོ་སྐེ་དང་གཟུགས་གཞིའི་ཁྲག་རྩའི་བརྙན་བཟོ་དང་། འདྲ་བཟོའི་ནང་ཤེལ་ལག་རྩལ། CTཡི་ཁྲིད་སྟོན་འོག་གློ་བ་དང་མཆིན་པའི་འབུར་སྐྲན་ལ་གནས་ཐིག་གཏན་འཁེལ་བྱས་ཏེ་གཙགས་རྟོལ་ཕུང་གསོན་བརྟག་དཔྱད་བྱེད་པ་སོགས་ཀྱི་ལག་རྩལ་ལྡན་ཡོད་པའོ།།