ངེད་སྨན་ཁང་གི་སྒྲ་བརྒལ་གསོ་རིག་ཚན་པ་ནི་༡༩༩༣ལོར་བཙུགས་ཤིང་དེ་སྔའི་སྒྲ་བརྒལ་ཁང་གི་རྨང་གཞིའི་ཐོག་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་པ་དང་། ད་ལྟ་ནད་ཐོག་གསོ་རིག་གི་མ་ལག་ཅུང་ཆ་ཚང་བའི་གསོ་རིག་ཚན་པ་ཞིག་ཏུ་འགྱུར་ཡོད་ལ། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་སྒྲ་བརྒལ་གསོ་རིག་ལས་འཛིན་ཚན་པའི་ཁོངས་གཏོགས་ཀྱི་ཚན་པ་ཞིག་ཀྱང་ཡིན། ཚན་ཁག་ཡོངས་ལ་སྒྲ་བརྒལ་བརྟག་ཐབས་རིག་པའི་གཞུང་ལུགས་ཐད་མཁྱེན་རྒྱ་ཡངས་ཤིང་ནད་ཐོག་དངོས་ཀྱི་མྱོང་བ་ཕུན་སུམ་ཚོགས་པའི་སྨན་དོན་ལག་རྩལ་མི་སྣ་ཁྱོན་ ༼ ༧ ༽ཡོད་པ་དང་། དེའི་ནང་འབུམ་གཞོན་སྨན་པ་༼ ༡ ༽དང། རབ་འབྱམས་སྨན་པ་ ༼ ༣ ༽ སྨན་པ་དཀའ་བཅུ་པ་༼ ༡ ༽ བསྡུས་ར་བ་༼ ༡ ༽ དེ་བཞིན་སྨན་པའི་གཞོགས་འདེགས་མི་སྣ་༼ ༡ ༽བཅས་ཡོད་པ་དང་། སློབ་གནས་ཐད་སློབ་ཆེན་ཡན་གྱི་སློབ་གནས་ཡོད་པ་མི་སྣ་༼ ༤ ༽ འབྲིང་ཆེད་སློབ་གནས་ཡོད་པ་མི་སྣ་༼ ༣ ༽བཅས་ཡོད་པས། ད་ལྟའི་ཆར་ཆེད་ལས་མི་སྣའི་སྒྲིག་གཞིའི་སྐས་རིམ་ཚད་ལྡན་ཞིག་ཏུ་འགྱུར་ཡོད། ཚན་ཁག་གི་གཞུང་ལས་ཁུལ་གྱི་རྒྱ་ཁྱོན་ལ་རྨིད་ངོས་སྙོམ་གྲུ་བཞི་མ་༦༠༠ལྷག་ཡོད་པ་དང་ཚན་པའི་བརྟག་དཔྱད་འཕྲུལ་འཁོར་ཐད་རྒྱལ་ཕྱི་རྒྱལ་ནང་གང་ནས་ཀྱང་རིམ་པ་ཅུང་མཐོ་བའི་PHCIPདང་ALOKA དང་ GE རིགས་དེ་བཞིན་(迈瑞)རིགས་ལ་སོགས་གྲགས་ཅན་གྱི་ཚོན་ཅན་སྒྲ་བརྒལ་འཕྲུལ་ཆས་ཕུན་སུམ་ཚོགས་པོ་ཡོད་ལ། ངེད་སྡེ་ཁག་ནས་གཙོ་བོ་ཆུ་རྒྱུས་དང་། དབང་པོ། རྩ་དཀར། དོན་སྣོད། ཨོལ་མདུད་གཤེར་རྨེན། དེ་བཞིན་མོ་ནད་ཀྱི་རིགས་དང་། སྦྲུམ་མ་སོགས་རང་ཁོངས་ནད་གཞི་སྤྱི་དང་བྱེ་བྲག་ཚང་མར་གནད་ལ་འཁེལ་ཞིང་ཚད་ལྡན་གྱི་སྒྲ་བརྒལ་བརྟག་དཔྱད་མཁོ་འདོན་བཀོལ་སྤྱོད་ཐུབ་པ་མ་ཟད། ཁྱད་པར་དུ་སྙིང་དང་ཁྲག་རྩའི་མ་ལག་དང་སྒྲ་བརྒལ་བརྟག་དཔྱད་ཀྱི་ཐབས་འདྲེན་ལས་བོད་ཕྱིའི་ཐུར་མའི་གསོ་བཅོས་ལག་རྩལ་ཁག་ཚད་ལྡན་དུ་ལག་བསྟར་ཁྱབ་སྤེལ་བྱེད་ཐུབ་ཀྱི་ཡོད། །
ཚན་ཁག་གི་མི་སྣ་ངོ་སྤྲོད་མདོར་བསྡུས་།
སྐལ་བཟང་ནོར་བུ། རབ་འབྱམས་སྨན་པ། སྒྲ་བརྒལ་གསོ་རིག་ཚན་པའི་འགན་ཁུར་མི་སྣ།
བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་དངོས་གཞིའི་སློབ་ཆེན་གྱི་སློབ་གནས་ལྡན། ད་ལྟ་བོད་རང་སྐྱོང་ལྗོངས་གསོ་རིག་སློབ་ཚོགས་སྒྲ་བརྒལ་ཆེད་ལས་ཡན་ལག་སློབ་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་དང་། སྒྲ་བརྒལ་ཆེད་ལས་སྤུས་ཚད་དོ་དམ་ལྟེ་གནས་ཀྱི་དོ་དམ་མི་སྣའི་འགན་ཁུར་བ། ད་བར་བགྲང་བྱ་༢༠ལ་ཉེ་བར་སྒྲ་བརྒལ་ཆེད་ལས་ཀྱི་ནད་ཐོག་ལས་ཀར་ཞུགས་ཤིང་། སྔ་རྗེས་སུ་ལྗོངས་མི་དམངས་སྨན་ཁང་དང་ཧུ་ནན་ཞིང་ཆེན་མི་དམངས་སྨན་ཁང་སོགས་ལྗོངས་དང་ཞིང་ཆེན་གྱི་རིམ་གསུམ་ཀ་པའི་སྨན་ཁང་དུ་སྒྲ་བརྒལ་ཆེད་ལས་ཀྱི་ལག་རྩལ་རིག་གཞུང་ཁག་ལ་ཟབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཐོབ། མིག་སྔར་གསོ་རིག་སྤྱི་ཡི་རྨང་གཞི་བརྟན་ལ་རང་ཁོངས་སྒྲ་བརྒལ་ཆེད་ལས་ཀྱི་ལག་རྩལ་ཁག་ཚད་ལྡན་དང་སྤུས་ལེགས་ཀྱིས་བཀོལ་སྤྱོད་ཐུབ་པ་མ་ཟད། ཁྱད་པར་དུ་སྙིང་དང་ཁྲག་རྩ་གསུས་པའི་མ་ལག་གྱི་དོན་སྣོད་སྒྲ་བརྒལ་བརྟག་དཔྱད་ཀྱི་ནད་གཞི་ངོས་འཛིན་དང་འཁྲུལ་སོ་སེལ་ཐབས། དེ་བཞིན་ནད་ཐོག་སྡེ་ཁག་དང་མཉམ་གཉེར་གྱིས་ཐུར་མའི་ལག་རྩལ་ཐད་ཆེས་ནང་བྱན་ཆུད་པའི་ལག་རྩལ་ལྡན་ཡོད། སྔ་ཕྱིར་རང་གྲོང་ཁྱེར་གྱི་ཐུམ་སྲིན་ནད་དང་ལྷན་སྐྱེས་སྙིང་ནད་ནད་གཞི་འདེམས་སྒྲུག་གི་ལས་དང་། བོད་ལྗོངས་སློབ་ཆེན་གྱི་གཙོ་འགན་བཞེས་པའི་ཞིབ་འཇུག་གི་རྣམ་གྲངས་ལ་ཞུགས་ཤིང་། ལྗོངས་ཕྱི་ནང་གི་གསོ་རིག་དུས་དེབ་ཐོག་ཆེད་ལས་ཀྱི་དཔྱད་རྩོམ་འགའ་ཤས་སྤེལ། །
ཚེ་རིང་སྒྲོལ་དཀར། རབ་འབྱམས་སྨན་པ། ཆེད་ལས་སློབ་ཆེན་གྱི་སློབ་གནས།
སྤྱི་༡༩༩༢ལོར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་སོང་། ༢༠༠༥ལོར་ཧུ་པེ་ཨེ་ཀྲའུ་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་གསུས་པའི་སྒྲ་བརྒལ་ལག་རྩལ་སློབ་སྦྱོང་བྱས་ཤིང་ལོ་ངོ་ཉི་ཤུ་ལྷག་གི་སྒྲ་བརྒལ་ནད་ཐོག་དངོས་ཀྱི་ལས་ཀ་བྱས། མིག་སྔར་གསོ་རིག་གཞུང་ལུགས་ཀྱི་རྨང་གཞི་བརྟན་ལ། ནད་ཐོག་ལག་ལེན་ལ་ནང་བྱན་ཆུད་པ། གསུས་པ་དང་། མོ་ནད། སྙིང་དང་ཁྲག་རྩ། ལུས་ཕྱི་ངོས་ཀྱི་སྒྲ་བརྒལ་བརྟག་དཔྱད་ལག་རྩལ་རྩེར་གསོན་ཞིང་ཁྱད་པར་ཨོལ་མདུད་གཤེར་རྨེན་དང་། ནུ་མ། མིག་འབྲས་སོགས་ཀྱི་ནད་གཞིའི་སྒྲ་བརྒལ་ནད་གཞི་ངོས་འཛིན་དང་། འཁྲུལ་སོ་སེལ་ཐབས་ཐད་ཆེས་ཕུལ་དུ་བྱུང་བའི་ལག་རྩལ་གྱི་ཁྱད་ཆོས་ལྡན། སྔ་ཕྱིར་རང་གྲོང་ཁྱེར་གྱི་མཆིན་པའི་སྲིན་སྐྲན་ནད་གཞི་འདེམས་སྒྲུག་གི་ལས་ལ་ཞུགས་ཤིང་ལྗོངས་ཕྱི་ནང་གི་གསོ་རིག་དུས་དེབ་ཐོག་གསུས་པ་དང་མོ་ནད་སོགས་སྒྲ་བརྒལ་བརྟག་ཐབས་སྐོར་གྱི་དཔྱད་རྩོམ་འགའ་ཤས་སྤེལ།
མཚམས་གཅོད། འབུམ་རམས་སྨན་པ། དངོས་གཞིའི་སློབ་ཆེན་གྱི་སློབ་གནས་ལྡན། བགྲང་བྱ་བཅུ་གསུམ་ལྷག་གི་སྒྲ་བརྒལ་ནད་ཐོག་དངོས་ཀྱི་ལས་ཀ་ལས་ཤིང་བོད་ལྗོངས་གསོ་རིག་སློབ་ཚོགས་སྒྲ་བརྒལ་ཡན་ལག་སློབ་ཚོགས་ཀྱི་ཨུ་ཡོན་གྱི་འགན་འཁུར། མིག་སྔར་གསུས་པ་དང་། མོ་ནད། སྙིང་དང་ཁྲག་རྩ། ལུས་ཕྱི་ངོས་ཀྱི་སྒྲ་བརྒལ་བརྟག་དཔྱད་ལག་རྩལ་སོགས་ལ་བྱང་གོམས་མཐར་ཕྱིན། ལྷག་པར་དུ་མོ་ནད་དང་། སྦྲུམ་མའི་སྒྲ་བརྒལ་བརྟག་དཔྱད་ཐད་ཆེས་ཕུལ་དུ་བྱུང་བའི་ལག་རྩལ་ལྡན། སྔ་ཕྱིར་གངས་ལྗོངས་སྨན་རྩིས་སོགས་ཞིང་ཆེན་རིམ་པའི་དུས་དེབ་ནང་དཔྱད་རྩོམ་མི་ཉུང་བ་སྤེལ།
དབྱངས་སྒྲོན། རབ་འབྱམས་སྨན་པ། དངོས་གཞིའི་ཡོན་ཚད། ཤེས་རམས་པའི་སློབ་གནས།
སྤྱི་ལོ་༢༠༠༩ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་བོད་ལུགས་གསོ་བ་རིག་པའི་ཆེད་ལས་སྦྱོང་མཐར་ཕྱིན་ནས་སློབ་ཐོན་བྱས།
དུས་དེ་ནས་ལྷོ་ཁ་སྨན་རྩིས་ཁང་དུ་སྒྲ་བརྒལ་བརྟག་དཔྱད་ཀྱི་ལས་ལ་ཞུགས་ནས་བགྲང་བྱ་༡༡ལྷག་ཙམ་འདས། ༢༠༡༩ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཚད་བརྒལ་སྒྲ་རླབས་ནད་དཔྱད་ལག་རྩལ་སློབ་སྦྱོང་ནང་ཞུགས་ནས་སློབ་ཐོན་བྱུང་། ༢༠༡༦ལོར་ཀྲུང་གོའི་སྨན་བཅོས་ཡར་སྐུལ་ཚོགས་པའི་ལུས་ཁམས་བདེ་སྲུང་གྱི་དུས་དེབ་ཐོག《སྒྲ་རླབས་བརྟག་དཔྱད་ལས་སྣོདམཁྲིས་གཉན་ཚད་ཀྱི་ནད་ཐོག་བཀོལ་སྤྱོད་ཕན་འབྲས་ལ་ཞིབ་འཇུག》གི་ཆེད་ལས་དཔྱད་རྩོམ་སྤེལ། སྒྲ་བརྒལ་གི་་རྨང་གཞིའི་ཤེས་བྱ་དང་ནད་ཐོག་ཚད་བརྒལ་སྒྲ་རླབས་ཀྱི་བརྟག་དཔྱད་ཉམས་མྱོང་ཅུང་ཏན་ཏིག་ཡོད་པ་མ་ཟད། དམིགས་བསལ་དུ་ཕོ་རྒྱུ་དང་བུད་མེད་ཀྱི་ནད།སྙིང་གི་ཁྲག་རྩའི་རྒྱུན་མཐོང་གི་ནད་སོགས་སྒྲ་རླབས་ནད་དཔྱད་ལག་རྩལ་ལ་བྱང་ཆུབ་པ། ད་ལྟ་བོད་རང་སྐྱོང་ལྗོངས་གསོ་རིག་སློབ་ཚོགས་སྒྲ་འདས་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་མི་ཡིན།