ནད་ཐོག་ཁའོ་
བརྟག་བཤེར་ཁའོ་

རྫས་འགྱུར་བརྟག་དཔྱད་ཁང་དེ་ནི་སྤྱི་ལོ་༡༩༨༦ལོར་དངོས་སུ་བཙུགས་པ་ཞིག་དང་། ད་ཆ་རྫས་འགྱུར་བརྟག་དཔྱད་ཁང་དུ་མི་ལོ་སུམ་ཅུ་ཙམ་གྱི་ནད་ཐོག་མྱོང་བས་ཕྱུག་པའི་རབ་འབྱམས་ལག་རྩལ་པ་པ་གཉིས་ཀྱིས་རིག་ཚན་སྣེ་ཁྲིད་བྱས་པའི་རྨང་གཞའི་འོག་སློབ་གྲྭ་ཆེན་མོ་དང་། ཆེད་ལས་སློབ་གྲྭ་ཐོན་པའི་ན་གཞོན་ཤེས་ཡོན་ཅན་མི་གྲངས་བཅུ་གཉིས་ཙམ་ལས་གྲུབ་ཅིང་། འཇར་པན་དང་། ཨ་རི། འབྱར་མན་ལ་སོགས་ནས་ནང་འདྲེན་བྱས་ཤིང་རིན་ཐང་ཁྲི་ཚོ་བརྒྱད་བརྒྱ་ཙམ་ཟིན་པའི་འཕྲུལ་འཁོར་རིགས་སྣ་ཚོགས་ཉི་ཤུ་ལྷག་ཟིན་པ་དང་། གཙོ་བོ་རྒྱུན་སྲོལ་གསུམ་དང་། མཆིན་ནུས། མཁལ་ནུས། སྐྱེ་ཁམས་རྫས་འགྱུར། གློག་འབྱེད་རྫས། ཉིང་སྐྱུར་བརྟག་དཔྱད་སོགས་ཀྱི་ཚད་ལྡན་དཔྱད་འབྲས་ཉིན་མཚན་མེད་པར་མཁོ་འདོན་ཐུབ་ཀྱི་ཡོད་པ་དེས་རྒྱ་ཆེའི་ནད་པ་དང་། གྲོང་ཁྱེར་ཁྱོན་ཡོངས་ཀྱི་རིམས་འགོག་ལས་དོན། རིམ་གསུམ་སྨན་ཁང་གི་རེ་བ་ཡོངས་སུ་བསྐོང་ཐུབ་ཀྱི་ཡོད་པ་བཅས་སོ། །