ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྙིང་པར་བརྟག་དཔྱད་ཚན་ཁག་དེ་ནི་༡༩༩༠་ལོར་བཙུགས་པ་དང་ད་བར་སྤེལ་ནས་ལོ་༣༠་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་། མིག་སྔར་ཚན་ཁག་ནང་ཁྱོན་དུ་སྨན་དོན་ལག་རྩལ་མི་སྣ་གཉིས་དང་དེའི་ནང་མཐོ་རིམ་གོ་མིང་གཞོན་པ་གཅིག་དང་དམའ་རིམ་གོ་མིང་གཅིག་ཡོད་པ་ཡིན།གཙོ་བོ་སྤེལ་བའི་རྣམ་གྲངས་ལ་རྒྱུན་ལྡན་གྱི་སྙིང་འཕར་བརྟགདཔྱད་དང་། ཚད་ལྡན་སྙིང་འཕར་བརྟག་དཔྱད། སྙིང་རིས་རྟོག་བརྟག་ཁ་པར་བརྒྱུད་འདྲེན་དང་། ཉལ་ཁྲིའི་འགྲམ་གྱི་སྙིང་འཕར་བརྟག་དཔྱད། ལུས་རྩལ་གྱི་ཚོད་ལྟ།་སྙིང་རིས་ཀྱིས་སྨན་རྫས་ཐེག་ཁུར་བརྟག་ཚོད། ཆུ་ཚོད་༢༤ཡི་འགུལ་རྣམ་སྙིང་རིས་དང་། ཆུ་ཚོད་༢༤ཡི་འགུལ་རྣམ་ཁྲག་ཤེད་བརྟག་དཔྱད། རུས་ཚགས་ཞིབ་དཔྱད་ཚད་ལེན་སོགས་ཞིབ་བཤེར་རྣམ་གྲངས་དགུ་ཙམ་ཡོད་པ་དེའི་ནང་ཚད་ལྡན་སྙིང་རིས་དེ་ལ་༼སྒོ་བསྟེན་སྨན་བཅོས་དང་། དོད་དྲག གཟུགས་པོའི་བརྟག་དཔྱད་ལྟེ་གནས། ནད་སྡོད་ནད་པ་བཅས་ཚུད་ཡོད།༽ ཚན་ཁག་ནང་ད་ཆ་སྙིང་རིས་བརྟག་དཔྱད་དྲ་བའི་ལས་དོན་ས་ཚིགས་ཡོད་པ་དེའི་ནང་སྒོ་བསྟེན་སྨན་བཅོས་དང་དོད་དྲག གཟུགས་པོའི་བརྟག་དཔྱད་ལྟེ་གནས་དང་དེ་བཞིན་སྨན་ཁང་དུ་ཁྱོན་བསྡོམས་སྙིང་རིས་བརྟག་དཔྱད་གི་མཐའ་སྣེ་༡༠ལྷག་ཙམ་ཚན་པ་གཞན་ལ་འབྲེལ་ནས་སྤྱོད་ནས་ཡོད། འགུལ་རྣམ་སྙིང་རིས་བྱེ་ཞིབ་མ་ལག་གཅིག་དང་ཟིན་ཐོའི་མ་སྒམ་གཅིག འདྲེན་སྦྲེལ་༡༢ཀྱིས་ཆུ་ཚོད་༢༤ནང་སྙིང་འཕར་སྐུལ་ཆས་འགུལ་རྣམ་སྙིང་རིས་ཀྱང་ཟིན་ཐོ་དང་དབྱེ་ཞིབ་ལེགས་འགྲུབ་བྱུང་ཐུབ། དེ་མིན་འགུལ་རྣམ་ཁྲག་ཤེད་ལ་དབྱེ་ཞིབ་མ་ལག་གཅིག་དང་ཟིན་ཐོའི་མ་སྒམ་གཅིག་ཡོད།