ནད་ཐོག་ཁའོ་
མྱུར་སྐྱོབ་ཁའོ་

ནད་གཞི་ལྕི་བའི་མྱུར་སྐྱོབ་ཚན་ཁག་ནི་སྙིང་གློ་གཙོ་བོར་བྱེད་པའི་ནད་གཞི་ལྕི་བའི་ཚན་ཁག་ཅིག་ཡིན་ལ་བོད་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག་ཅིག་ཀྱང་ཡིན་པ་དང་2016ལོའི་ཟླ་7པར་བཙུགས་པ་དེ་ནི་བོད་ཀྱི་བོད་ལུགས་གསོ་རིག་ཁྱབ་ཁོངས་སུ་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་སྨན་ཁང་གི་ནད་གཞི་ལྕི་བའི་ཚན་ཁག་སྔ་ཤོས་ཤིག་ཡིན་པ་དང་2016ལོར་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་ཚན་ལ་ཆོག་མཆན་སྤྲད་པ་རེད།

ཚན་ཁག་ཏུ་ད་ཆ་སྨན་དོན་མི་སྣ་22ཡོད་པའི་ནང་སྨན་རམས་པ་གཞོན་པ་2དང་། ནད་སྡོད་སྨན་པ་དཀའ་བཅུ་པ་4ནད་སྐྱོང་པ་15ནད་གཡོག་པ་1བཅས་ཡོད། སྤྱིར་བཏང་གི་ལྟ་ཞིབ་པའི་ནད་པའི་ཉལ་ཁྲི་4ཡོད། ལྟ་སྐྱོང་ཉལ་ཁྲི་6། ཚན་ཁག་གིས་ལོ་རེར་ཆ་སྙོམས་སུ་ཀླད་པའི་ཁྲག་རྩར་བསམ་ཡུལ་ལས་འདས་པའི་ནད་ལྗིད་མོ་ཕོག་པའི་ནད་པ་མི་ཐེངས་101ལྷག་ལ་སྨན་བཅོས་བྱས། རྒྱུན་གཏན་གྱི་སྙིང་དང་གློ་བའི་སླར་གསོ་དང་། གློ་ཡུའི་སྦུག་འཛུགས། གཏིང་ངོས་སྡོད་རྩ་སྦུག་འཇོག་གཤག་བཅོས་བཅས་དང་། འབྱིན་རྔུབ་འཕྲུལ་ཆས་ཀྱིས་སྨན་བཅོས། བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་སོགས་ཀྱི་སྨན་བཅོས་ལག་རྩལ་དང་ཧོར་མེ་ཨན་ལྷ་ལ་སྨན་བཅོས་དང་། ཕོ་བའི་སྦུག་འཇུགབོད་སྨན་ཕྱེའི་སྨན་བཅོས། བོད་ལུགས་གསོ་རིག་གི་ཁྲག་གཏར་བཅོས། དེ་བཞིན་ཚ་བྱུག་སྨན་བཅོས་སོགས་གནད་སྨིན་ངང་སྤེལ་ཐུབ་ནས་མྱུར་སྐྱོབ་ཐུབ་ཚད་སྤྱིའི་ཆ་ནས་བོད་ལུགས་གསོ་རིག་གི་ས་མཚམས་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།

ཚན་ཁག་དེར་ནུས་པ་མང་བའི་སྙིང་གློག་ལྟ་སྲུང་ཡོ་བྱད་དང་། འབྱིན་རྔུབ་འཕྲུལ་འཁོར། ཡར་ལངས་ཉལ་ཁྲི། སྙིང་གི་གློག་རིས། མཐོང་རུང་ཨོལ་ཤེལ་སྒོ། ཁྲག་རླུང་དབྱེ་ཞིབ་ཡོ་བྱད། འདར་སེལ་ཡོ་བྱད། ཕྲན་ཚད་ཕུམ་སོགས་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་འབོར་ཆེན་ཞིག་སྒྲིག་སྦྱོར་བྱས་ཡོད། བོད་ཀྱི་ཕྱི་ལུགས་གསོ་རིག་དང་ཟུང་དུ་འབྲེལ་ནས་ནད་གཞི་ཉེན་ཚབས་ཆེ་བའི་ནད་པའི་འབྱིན་རྔུབ་སྨན་བཅོས་དང་། སྙིང་ཀླད་ཁྲག་རྩའི་ནད་དང་སྙིང་ཀླད་ཁྲག་རྩའི་བསམ་ཡུལ་ལས་འདས་པའི་ནད། གཅིན་པ་མངར་འགྱུར་གྱི་ནད་པའི་སྐྱུར་དུག་ཕོག་པ་དང་། ཉེན་ཆེའི་གཤགས་བཅོས་བྱས་རྗེས་ཀྱི་ནད་གཞི་ལྕི་བའི་ལྟ་སྐྱོང་སོགས་ཀྱི་སྨན་བཅོས་ལ་ཕུན་སུམ་ཚོགས་པའི་བོད་ཀྱི་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ཉམས་མྱོང་དང་ལེགས་ཆ་ལྡན་ཡོད།