ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དྲེག་གྲུམ་རུས་ནད་སྡེ་ཁག་ནི་སྤྱི་ལོ་༢༠༡༦ལོའི་སྤྱི་ཟླ་༡༡པའི་ཚེས་༢༤ཉིན་གསར་འཛུགས་བྱས་པ་ཞིག་ཡིན་སྡེ་ཁག་འདི་ནི་རང་གྲོང་ཁྱེར་གྱི་སློབ་ཁྲིད་དང་ཚན་རྩལ། ཞིབ་འཇུག ནད་ཐོག་སྨན་བཅོས་བཅས་གཅིག་ཏུ་བསྡུས་པའི་བོད་སྨན་ ཆེད་ལས་ཚན་ཁག་ཞིག་ཡིན་ལ་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་དམིགས་བསལ་ཁྱད་ཆོས་ལྡན་པའི་སྡེ་ཁག་ཞིག་ཀྱང་ཡིན།
སྡེ་ཁག་ནང་འགན་སེམས་ཆེ་ལ་བྱམས་དང་སྙིང་རྗེ་ཆེ་ཞིང་བོད་ལུགས་གསོ་རིག་གི་རིག་གཞུང་ལ་མཁས་པ་དང་ལག་ལེན་ཀུན་ལ་བྱང་ཆ་ལྡན་པ་དེང་རབས་གསོ་རིག་གི་ལག་རྩལ་ཀྱང་ཅི་རིགས་ཁོང་དུ་ཆུད་པའི་རྐང་འཛིན་སྨན་པ་༧ཡོད། དེའི་ནང་འབུམ་གཞོན་སྨན་པ་༣ དང་རབ་འབྱམས་སྨན་པ་༡དཀའ་བཅུ་པ་༣ ཡོད། སྡེ་ཁག་གིས་སྨན་བཅོས་གཙོ་བོ་ནི་དྲེག་ནད་དང་གྲུམ་བུ། འབམ། རུས་ཆག་ནད། རུས་ཚིགས་བུད་པ། ད་རྒན་ནད། རླུང་ནད་དཔུང་འཇའ། རླུང་ནད་ཤིང་རེངས། མཁལ་འགྲམས་ནད། བད་རླུང་མགོ་ནད། རླུང་ནད་ཁ་ཡོ། རྩ་དཀར་ནད། པགས་ནད་རིགས་སོགས་ཡིན། ལོ་མང་རིང་ཞིབ་འཇུག་དང་གསར་གཏོད་ཀྱི་ལག་ལེན་བྱས་པ་བརྒྱུད་ཁྱད་ཆོས་མངོན་གསལ་དོད་པ་དང་།ནད་དཔྱད་ཡང་དག་པ།སྨན་བཅོས་ནུས་པ་མངོན་གསལ་དོད་པ་བཅས་ཀྱི་དེང་རབས་གི་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་བྱ་ཐབས་ཤིག་ཆགས་ཡོད། དེའི་ནང་དུ་གྲུམ་བུའི་ནད་གཞིར་ཁ་བྲོ་བཅིངས་སྨན།མཁལ་འགྲམས་ནད་གཞིར་ཀརྨ་བཅིངས་སྨན།རུས་ཆག་གསོ་ཐབས་ལ་ག་བུར་བཅིངས་སྨན།བརྡབ་འགྲམས་རིགས་དང་ཚིགས་འཆུས་གཉན་སྐྲངས་རིགས་ལ་ང་རྒྱལ་བཅིངས་སྨན། དེ་བཞིན་བད་རླུང་མགོ་ནད་ལ་འབྲུ་སྣའི་མགོ་ལུམས་དང་རླུང་གི་མགོ་ནད་ལ་རྫ་མའི་འཕྲུལ་འཁོར་གྱི་བཅོས་ཐབས་མཁལ་འགྲམས་ནད་གཞིར་ཧོར་མེའི་བཅོས་ཐབས་སོགས་ཁྱད་ཆོས་ལྡན་པའི་གསར་གཏོད་གསོ་ཐབས་ཀྱིས་ཕན་འབྲས་མངོན་གསལ་དོད་པ་དང་འགྲོ་གྲོན་ཆུང་བས་ལྗོངས་ཡོངས་སུ་དེང་རབས་གསར་གཏོད་གསོ་ཐབས་ཁྱད་དུ་འཕགས་པ་ཞིག་ཆགས་ཡོད།