ནད་ཐོག་ཁའོ་
མྱུར་སྐྱོབ་ཁའོ་

 བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་མྱུར་སྐྱོབ་ཚན་ཁག་2016ལོའི་ཟླ་7པར་བཙུགས་པ།     རིག་ཚན་ལ་རིམ་གསུམ་མི་རིགས་སྨན་ཁང་གི་བླང་བྱ་དང་འཚམ་པའི་སློབ་རྒྱུས་དང་གྲུབ་ཆ་ལུགས་མཐུན་གྱི་རིགས་གཅིག་མཁས་ཅན་གྱི་དཔུང་ཁག་ཅིག་ཡོད་པ་དང་།    ཁོའོ་དང་ཁང་གི་སྒྲིག་ཆས་ཆ་རྐྱེན་སྔོན་ཐོན་ཡིན་པ།    ལག་རྩལ་གྱི་སྟོབས་ཤུགས་ཆེ་བ་བཅས་རེད།     ད་ཆ་བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་དོས་དྲག་ཆེད་ལས་ཚན་ཁག་ཏུ་གྱུར་ཡོད།    ད་ཆ་ཚོགས་པའི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་གཞོན་པ་1དང་།    བོད་སྐྱོར་སྨན་པ་1བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ཆེད་ལས་ཚན་ཁག་གི་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པ་2ཝུའུ་ཧན་སློབ་ཆེན་ཐོན་པའི་ཕྱི་ལུགས་གསོ་རིག་གི་སྨན་པ་1བཅས་ཡོད།    གཙོ་གཉེར་ནད་གཡོག་པ་2ཀྱིས་རུ་སྣེ་ཁྲིད་པའི་དོས་དྲག་དང་ནད་སྐྱོང་ཚོགས་པའི་ཁོངས་མི་5ཡོད་པ་རེད།    

 ཚོགས་པའི་ཁོངས་མི་10པོ་ཚང་མར་བོད་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་སྨན་བཅོས་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་ཡོད།     སྤྱིར་བཏང་གི་བརྟག་དཔྱད་ཉལ་ཁྲི་6དང་།    ལྟ་སྐྱོང་ཉལ་ཁྲི་3ཚན་ཁག་གིས་རྒྱུན་གཏན་གྱི་སྙིང་དང་གློ་བའི་སླར་གསོ་རྩལ་བཅོས་དང་།    ཕོ་བ་འཁྲུ་བ།    གློ་ཡུའི་ནང་དུ་སྦུག་འཛུགས།    སྡོད་རྩའི་ནང་དུ་སྦུག་འཛུགས།    ཁྲག་ཤེད་ལྟ་ཞིབ་ཚད་ལེན།    དབུགས་ལམ་གསོ་བཅོས།    བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་སོགས་ཀྱི་སྨན་བཅོས་ལག་རྩལ་སྤེལ་ནས་མྱུར་སྐྱོབ་ཐུབ་ཚད་སྤྱིའི་ཆ་ནས་གྲོང་ཁྱེར་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།