ནད་ཐོག་ཁའོ་
བུད་མེད་དང་བྱིས་པའི་ཚན་ཁག་

ལྷོ་ཁ་གྲོང་ཁྱེར་གྱི་བོད་ལུགས་གསོ་རིག་སྨན་ཁང་ནི་བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ཁྱད་ཆོས་ལྡན་པའི་ནད་ཐོག་སྨན་བཅོས་ཚན་ཁག་ཅིག་ཡིན་པ་དང་ལོ་ཉི་ཤུ་ཙམ་འཕེལ་རྒྱས་བཏང་བ་བརྒྱུད་མིག་སྔར་སྨན་པའི་ཀུན་སྤྱོད་ལེགས་པ་དང་།    སྨན་བཅོས་ལག་རྩལ་བྱང་ཆུབ་པ།    ནད་སྐྱོང་སྤུས་ཚད་མཐོ་བ་བཅས་ཀྱི་སྨན་བཅོས་དཔུང་ཁག་ཅིག་ཡོད་པ་རེད།     ཚན་ཁག་གི་ལག་རྩལ་སྟོབས་ཤུགས་ཆེ་བ་དང་ད་ཆ་ཧུའུ་ནན་གྱི་བོད་སྐྱོར་དགེ་རྒན་ཆེ་མོ་བ་གཅིག་དང་།    ཀྲུའུ་རེན་སྨན་པ་དཀའ་བཅུ་པ་གཞོན་པ་གཉིས།    འབྲིང་རིམ་སྨན་པ་དཀའ་བཅུ་པ་གཉིས།    གཙོ་གཉེར་སྨན་པ་གཅིགནད་པའི་ཉལ་ཁྲི་25བཅས་ཡོད་པས་བུད་མེད་ཚན་ཁག་གི་ཕྱོགས་བསྡུས་སྨན་བཅོས་ནུས་པ་བཟང་པོ་ལྡན་ཡོད།     མིག་སྔར་ཁོའོ་དང་ཁང་ལ་ཨའོ་ལིན་པ་སིའི་གསུས་ཁོག་ཤེལ་གཤགས་བཅོས་མ་ལག་དང་།    གློག་རྡུལ་གསང་ལམ་བརྙན་གྲུབ་མ་ལགབུད་མེད་ཚན་ཁག་གི་ཆེད་སྤྱོད་ལི་ཕུའུ་ཏའོ་སོགས་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་ཡོད་པས་བུད་མེད་ཚན་ཁག་གི་ནད་སྣ་ཚོགས་ཀྱི་ནད་བརྟག་སྨན་བཅོས་དང་དེ་བཞིན་ཁོའོ་དང་ཁང་གི་ཁྱད་ལྡན་དཔྱད་བཅོས།    གཞོང་ཞབས་ཀྱི་ནུས་པར་འགོག་རྐྱེན་ཡོད་པའི་ནད་གཞི་སོགས་ཁྱོན་ཡོངས་ནས་སྤེལ་ཆོག་གི་ཡོད་པ་རེད།    

བུད་མེད་ཚན་ཁག་གི་སྒོ་བསྟེན་གཤག་བཅོས་སྣ་ཚོགས་བྱེད་སྐབས་སྦྲིད་སྨན་ཚན་ཁག་དང་མཉམ་ལས་བྱས་ནས་ན་ཟུག་མེད་པའི་གཤག་བཅོས་བྱེད་ཆོག་གི་ཡོད།     ནད་ཁང་གི་གསུས་འབྱེད་དང་གསུས་ཁོག་ཤེལ་གྱིས་གཤགས་བཅོས་བྱེད་ཆོག

ལྷོ་ཁ་གྲོང་ཁྱེར་གྱི་བོད་ལུགས་གསོ་རིག་སྨན་ཁང་ནི་སྨན་ཁང་གི་གཙོ་གནད་ཆེད་ལས་ཚན་ཁག་ཡིན་པ་དང་།    བོད་ནུབ་ཟུང་འབྲེལ་གྱི་སྨན་བཅོས་འདུ་ཤེས་གཞིར་བཟུང་ནད་པ་མི་རེ་ངོ་རེར་བྱེ་བྲག་གི་ཇུས་གཞི་བཟོ་གི་ཡོད།