འགན་ནུས་ཁོའོ་དང་ཁང་
གཙོ་ངོས། སྡེ་ཁག་མཚམས་སྦྱོར། འགན་ནུས་ཁོའོ་དང་ཁང་
གཞུང་ལས་ཁང་

སྨན་ཁང་གཞུང་དོན་ཁང་ནི་སྨན་ཁང་ཁྱོན་ཡོངས་ཀྱི་ཕྱོགས་བསྡུས་དོ་དམ་ཚན་ཁག་ཅིག་ཡིན་ཅིང་། སྨན་ཁང་ཁྱོན་ཡོངས་ཀྱི་ཡིག་ཆ་འབྲི་སྤེལ་དང་སྲིད་འཛིན་དོ་དམ་གྱི་ལས་འགན་གཙོ་བོར་བསྒྲུབ་བཞིན་ཡོད། གཞུང་དོན་ཁང་གི་མངའ་ཁོངས་སུ་ད་དུང་སྨན་ཁང་ཡིག་ཚགས་ཁང་དང་། གཏོང་ལེན་ཁང་། ཁ་ལོ་བའི་ཚོགས་ཆུང་བཅས་ བཙུགས་ཡོད། ད་ཆ་སྡེ་ཁག་ནང་ཁུལ་དུ་ལས་གྲུབ་མི་སྣ་༡༠ཡོད་པའི་ནང་སྒྲིག་ཁོངས་ཀྱི་ལས་བཟོ་༤དང་། སྤྱི་ཕན་རང་བཞིན་གྱི་ལས་བཟོ་༡ ནུབ་རྒྱུད་འཆར་གཞིའི་དང་བླངས་ལས་བཟོ་༡བཅས་ཡོད། གཞུང་ལས་ཁང་གིས་གཙོ་བོ་སྨན་ཁང་དབུ་ཁྲིད་ཁག་གི་ལས་ཀར་གཞོགས་འདེགས་བྱས་ཏེ་སྨན་ཁང་ཁྱོན་ཡོངས་ཀྱི་སྲིད་འཛིན་དོ་དམ་དང་། ཚོགས་འདུའི་བཀོད་སྒྲིག་དང་ཐོ་འགོད། ལྟ་སྐུལ་དོ་དམ་སོགས་ཀྱི་ལས་དོན་དང་། སྨན་ཁང་གཙོ་བོའི་ལས་ཀའི་སྙན་ཞུ་དང་། འཕེལ་རྒྱས་འཆར་བཀོད། ལོ་རེའི་ལས་ཀའི་འཆར་གཞི་དང་ཕྱོགས་བསྡོམས་སོགས་རྩོམ་འབྲི་བྱེད་པ། སྨན་སྤྱིའི་ལས་ཀར་གཞོགས་འདེགས་ཀྱིས་སྒྲིག་སྲོལ་ལམ་ལུགས་ཁག་འཐུས་ཚང་བཟོ་བ་སོགས་ཀྱི་ལས་འགན་ལེགས་སྒྲུབ་བྱེད་པའི་རྨང་གཞིའི་ཐོག་སྡེ་ཁག་མཐུན་སྦྱོར་གྱི་ལས་ཀ་དང་། ཡིག་ཆ་བསྡུ་གཏོང་། འཁོར་རིགས་དོ་དམ། འབྲེལ་གཏུག་སྣེ་ལེན། ལས་རེས་བཀོད་སྒྲིག སྨན་དོན་སྤྱི་བསྒྲགས། ཆ་འཕྲིན་སྤེལ་གཏོང་། ཕྱི་ཕྱོགས་བྱ་དོན་སོགས་ཀྱི་ལས་དོན་མཐའ་དག་གཏན་འབེབས་བཞིན་ལེགས་སྒྲུབ་བྱེད་ལ་ནད་པ་གཙོ་བོར་བཟུང་ཞིང་སྙིང་བཅུད་རྒྱུན་འཛིན་དང་། གཞུང་སྲུང་གསར་གཏོད་ཀྱི་འདུ་ཤེས་ཐོག་ནས་བོད་ལུགས་གསོ་རིག་གི་བྱ་གཞག་ཡར་ངོའི་ཟླ་བཞིན་འཕེལ་རྒྱུར་འབད་བརྩོན་ལྷོད་མེད་བཞིན་ཡོད་པ་བཅས་སོ། །