སྲིད་དོན་མི་དོན་སྡེ་ཁག་འདི་བཞིན་སྤྱི་ལོ་༡༩༨༧ལོར་དངོས་སུ་བཙུགས་པ་དང་། ད་ཆ་སྡེ་ཁག་ཡོངས་ལ་ལས་བྱ་བཞི་ཡོད་པའི་ནང་གཙོ་བོའི་འགན་འཛིན་མི་སྣ་གཅིག་དང་། འགན་འཛིན་གཞོན་པ་གཅིག ལས་བྱ་མི་གྲངས་གཉིས་བཅས་ལས་གྲུབ་ཅིང་། གཙོ་བོ་ཏང་དང་རྒྱལ་ཁབ་ཀྱི་བྱ་ཐབས་དང་སྲིད་ཇུས། དེ་བཞིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། ཁྲོང་ཁྱེར་འཕྲོད་བདེ་ཨུ་ལྷན། སྨནཁང་ཏང་ཨུད་སོགས་ཀྱི་གྲོས་ཆོད་ཁག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྨན་ཁང་ཁྱོན་ཡོངས་ཀྱི་བསམ་བློ་ཆབ་སྲིད་དང་། རྩ་འཛུགས་མི་དོན། ངལ་རྩོལ་གླ་ཕོག དྲིལ་བསྒྲགས་སློབ་གསོ། ལས་འཁྱུར་བྱ་དོན། སྒྲིག་བཤེར་ལྟ་ཞིབ་སོགས་ཀྱི་ལས་དོན་ཁག་བཀོད་སྒྲིག་དང་། བལྟ་སྐུལ། ལག་བསྟར་དོ་འཁྱོལ་ བྱེད་པ། དེ་བཞིན་ཏང་འཛུགས་སྐྱོང་གི་ལས་དོན་དང་། ཏང་སྲོལ་སྲིད་གཙང་ལས་ཀའི་དམིགས་ཡུལ་ལས་འགན་ཁག་རེ་བ་བཞིན་ལེགས་སྒྲུབ་བྱེད་ལ་སྐབས་བསྟུན་གྱི་ལས་དོན་མཐའ་དག་ཀྱང་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་བཞིན་ཡོད་པ་བཅས་སོ། །