འགན་ནུས་ཁོའོ་དང་ཁང་
གཙོ་ངོས། སྡེ་ཁག་མཚམས་སྦྱོར། འགན་ནུས་ཁོའོ་དང་ཁང་
ཞིབ་འཇུག་ཁང་

བོད་ལྗོངས་ལྷོ་ཁའི་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་1989ལོར་བཙུགས། ད་ལྟ་ལས་བཟོ་པ་8ཡོད་ཅིང་། དེའི་ནང་མཐོ་རིམ་གོ་མིང་ཡོད་མཁན་1དང་། མཐོ་རིམ་གཞོན་པའི་གོ་མིང་ཡོད་མཁན་3དམའ་རིམ་གོ་མིང་ཡོད་མཁན་1ལས་ཀའི་གོ་མིང་ཡོད་མཁན་3བཅས་ཡོད།

བོད་ལུགས་གསོ་རིག་གི་རྩེར་སོན་རིག་གནས་མ་ལག་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིགས་གཅིག་མཁས་ཅན་དང་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་ཙམ་ལ་བརྟེན་ནས་ཐོག་མཐའ་བར་གསུམ་དུ་སྨན་ཁང་གི་ཚན་ཞིབ་དང་། སློབ་ཁྲིད། རིག་གནས་བཅས་འཕེལ་རྒྱས་གཏོང་རྒྱུར་གཞོལ་བཞིན་ཡོད། གཙོ་བོ་ཚན་རིག་ཞིབ་འཇུག་བྱ་གཞིའི་ཡིག་ཐོག་སྙན་ཞུ་དང་། རྣམ་གྲངས་དོ་དམ། ཚན་ཞིབ་མཉམ་ལས། ཐོན་རྫས་གསར་པ་གསར་སྤེལ་བཅས་ཀྱི་འགན་འཁུར་དགོས། སློབ་གླིང་ཡོངས་ཀྱི་ལས་སྒོའི་སློབ་ཁྲིད་དང་། ཟབ་སྦྱོང་དོ་དམ། དངོས་སྦྱོང་སློབ་མ་དོ་དམ་བཅས་ཀྱི་འགན་འཁུར་བ། རྒྱལ་ཁབ་ཀྱི་བོད་ལུགས་གསོ་རིག་གི་ནད་སྡོད་སྨན་པ་དཀའ་བཅུ་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་རྟེན་གཞིར་དོ་དམ་བྱ་རྒྱུའི་འགན་འཁུར་ དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་རྣམ་གྲངས་ཡིག་ཐོག་སྙན་ཞུ་དང་དོ་དམ་བྱེད་འགན་འཁུར་རྒྱུ། 《བསོད་བརྒྱའི་རི་པ》ཞེས་པའི་རིག་གཞུང་དུས་དེབ་རྩོམ་སྒྲིག་གི་འགན་འཁུར་བ། སྨན་ཁང་གི་རིག་གནས་ཁང་འཁོར་སྐྱོད་བྱེད་འགན་འཁུར་དགོས།