འགན་ནུས་ཁོའོ་དང་ཁང་
གཙོ་ངོས། སྡེ་ཁག་མཚམས་སྦྱོར། འགན་ནུས་ཁོའོ་དང་ཁང་
སྨན་སྦྱོར་ཁང་

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་རྫས་སྦྱོར་ཁང་1985ལོར་བསྐྲུན་པ་དང་ད་ཆ་བསྐྲུན་ཟིན་པའི་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་རྫས་སྦྱོར་ཁང་གིས་ས་ཆ་བཟུང་ཚད་རྒྱ་ཁྱོན་12476m2ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་6035.78m2ཟིན་པ་དང་། སྨན་སྦྱོར་ཁང་དུ་དོ་དམ་རྩ་འཛུགས་དང་སྤུས་ཚད་དོ་དམ་མ་ལག་འཐུས་ཚང་འཛུགས་དགོས། མིག་སྔར་སྨན་ཁང་219ཡི་སྨན་རྫས་ཀྱི་ཆོག་འཐུས་ཨང་རྟགས་དང་ཐོ་འགོད་ཨང་རྟགས་ཡོད་པ་དང་སྨན་རྫས་དེ་དག་ཚང་མ་བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་གི་རིགས་གཉིས་པར་བཅུག་ཡོད་པ་རེད། ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་གི་སྨན་རྫས་སྦྱོར་ཁང་དེ་གྲོང་ཁྱེར་དེ་ཡོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་ཐོན་སྐྱེད་ལྟེ་གནས་ཤིག་ཡིན་པའི་ངོས་ནས་རྫོང་མི་དམངས་སྨན་ཁང་གི་བོད་ལུགས་གསོ་རིག་དང་། རྫོང་ཁག་གི་ཤང་གྲོང་འཕྲོད་བསྟེན་ཁང་དང་གྲོང་ཚོ་རིམ་པའི་སྨན་བཅོས་ཁང་གི་ནད་ཐོག་སྨན་བཅོས་བྱེད་འགན་འཁུར་ཡོད།

ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་རྫས་བཟོ་ཁང་དེ་ལྗོངས་ཡོངས་ཀྱི་སྨན་ཁང་དུ་སྨན་རྫས་སྣ་ཁ་འཛོམས་ཤོས་དང་། སྨན་རྫས་ཀྱི་སྤུས་ཚད་ལེགས་ཤོས། སྨན་རྫས་ཀྱི་ཕན་འབྲས་གནད་ལ་འཁེལ་བ་བཅས་ཡོད་པས་ནད་པར་བློས་འགེལ་ཆོག་པའི་སྨན་ཁང་ཞིག་ཏུ་སྨན་རྫས་ཐོན་སྐྱེད་བྱེད་མཁན་ཚན་པ་ཞིག་ཏུ་གྱུར་ཡོད། འཁོར་ཁང་གི་གཙང་སེལ་རིམ་པ་Dལ་སླེབས་ཡོད་པ་དང་དེང་རབས་ཅན་གྱི་སྨན་བཟོའི་སྔོན་ཐོན་སྒྲིག་ཆས་30ལྷག་ཙམ་ཡོད་པས་རིལ་སྨན་དང་ཐོར་སྨན་སོགས་སྲོལ་རྒྱུན་གྱི་བོད་སྨན་ཐོན་སྐྱེད་བྱེད་ཐུབ་པ་དང་ཐོན་སྐྱེད་བྱེད་ནུས་ཏུན་40ཙམ་ཟིན་གྱི་ཡོད། མིག་སྔར་སྨན་རྫས་བཟོ་ཁང་དུ་ལས་མི་40ཡོད་པ་དང་། ཐོན་སྐྱེད་མི་སྣ་ཚང་མར་གསོ་སྦྱོང་བྱས་པ་བརྒྱུད་ལས་ཞུགས་ལག་ཁྱེར་ཐོབ་པ་དང་ཆེད་ལས་ལག་རྩལ་གྱི་བྱང་ཚད་ཅུང་མཐོ་བ་མ་ཟད། འཐུས་སྒོ་ཚང་བའི་དོ་དམ་རྩ་འཛུགས་དང་སྤུས་ཚད་དོ་དམ་མ་ལག་ཀྱང་བཙུགས་ཡོད་པ་རེད།

2004ལོ་ནས་བཟུང་ཡུམ་བུ་ལྷ་ཁང་བོད་སྨན་བཟོ་གྲྭ་དང་མཉམ་དུ་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་ས་ཁུལ་ཚན་རྩལ་ཅུས་ཀྱིས་བཙུགས་པའི་ཚན་ཞིབ་རྣམ་གྲངས་14ལ་བརྟེན་ནས་ཚན་ཞིབ་རྐང་འཛིན་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད། སྔ་རྗེས་སུ་བོད་སྨན་སྣ་ཁ་9ཡི་སྨན་རིགས་གསར་པར་ཞིབ་འཇུག་བྱས་པའི་ནང་སྣ་ཁ་5ལ་སྨན་ཁང་གི་སྨན་སྦྱོར་ཆོག་འཐུས་ལག་ཁྱེར་ཐོབ་ནས་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཐོག་རྒྱ་ཁྱབ་ངང་སྤྱོད་ཀྱི་ཡོད།

 ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་རྫས་སྦྱོར་ཁང་གིས་ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་ཆ་ཚང་བའི་བོད་ལུགས་གསོ་རིག་གི་རིག་གནས་མ་ལག་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིགས་གཅིག་མཁས་ཅན་གྱི་ཤེས་ལྡན་མི་སྣ་སྟོབས་ཆེར་གཏོང་རྒྱུ་རྨང་གཞིར་བྱས། དེང་རབས་ཀྱི་གསོ་རིག་སྨན་རྫས་ལག་རྩལ་དང་རིགས་པའི་གཞུང་ལུགས་དཔྱད་གཞིར་འཛིན་པ་དང་སྲིད་གཞུང་གིས་བོད་ལུགས་གསོ་རིག་སྨན་རྫས་གོང་འཕེལ་གཏོང་རྒྱུའི་དམིགས་བསལ་སྲིད་ཇུས་ལ་བརྟེན་ནས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ་ཚན་ཞིབ་དང་། ཐོན་སྐྱེད། སྨན་རིགས་གསར་པ་ཞིབ་འཇུགཁྲོམ་ར་གསར་སྤེལ། བོད་སྨན་ཤེས་ལྡན་པ་གསོ་སྐྱོང་བཅས་གཞི་གཅིག་ཅན་གྱི་ཕུགས་རིང་ལ་སྲ་ཞིང་བརྟན་པའི་ལམ་བུའི་ཐོག་སྐྱོད་བཞིན་ཡོད།