འགན་ནུས་ཁོའོ་དང་ཁང་
གཙོ་ངོས། སྡེ་ཁག་མཚམས་སྦྱོར། འགན་ནུས་ཁོའོ་དང་ཁང་
ནོར་དོན་ཁའོ་

ནོར་དོན་ཁོའོ་ནི་སྨན་ཁང་ཡོངས་ཀྱི་ནོར་དོན་བྱེད་སྒོར་གཅིག་གྱུར་དོ་དམ་བྱེད་པའི་འགན་ནུས་སྡེ་ཚན་ཞིག་ཡིན་ཞིང་། གཤམ་འོག་ཏུ་གྲོན་བསྡུའི་ཁང་བཙུགས་ཡོད་པ་དང་ད་ལྟ་ལས་ཐོག་མི་སྣ་14ཡོད། ཁྲིམས་ཁང་གི་འགོ་ཁྲིད་འོགནོར་དོན་ཁའོ་ཡིས་སྨན་ཁང་གི་ནོར་དོན་དོ་དམ་སྒྲིག་སྲོལ་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་བཏང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ནོར་སྲིད་བྱེད་ཕྱོགས་དང་སྲིད་ཇུས་ཁག་དང་། དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལམ་ལུགས་ལག་ལེན་མཐར་ཕྱིན་ནན་ཏན་བསྟར་ཞིང་། རིམ་པ་ཁག་གི་གཙོ་གཉེར་སྡེ་ཁག་གི་ལྟ་སྐུལ་དང་ཞིབ་བཤེར་དང་ལེན་དང་། ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ཁྲིམས་སྲུང་སྐྱོང་། ནོར་དོན་ལ་ལྟ་སྐུལ་དང་ནོར་དོན་ལ་དབྱེ་ཞིབ་བྱེད་པར་ཤུགས་སྣོན། ཡོང་འབབ་འཕར་སྣོན་དང་གཏོང་སྒོ་གྲོན་ཆུང་བྱེད་པར་ཧུར་ཐགདཔལ་འབྱོར་འཁོར་སྐྱོད་ཀྱི་ཕན་འབྲས་མཐོར་འདེགས་བཅས་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ངེད་ཚན་པས་སྨན་ཁང་གི་ནོར་དོན་ཞིབ་མཆན་རྩིས་ཞུའི་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། དཔལ་འབྱོར་ལས་དོན་གལ་ཆེན་ཐུན་མོང་དུ་ཇུས་ཐག་གཅོད་པ་དང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་མཐའ་འཁྱོངས་བྱ་དགོས། ཁོའོ་དང་ཁང་གི་མ་གནས་ཆ་ཚང་རྩིས་བཤེར་བྱས་ནས་ལས་སྒོ་དང་མ་གནས་གཞི་གཅིག་ཅན་གྱི་དོ་དམ་མངོན་འགྱུར་བྱུང་བ། རིན་གོང་ཡོངས་བསྒྲགས་དང་གྲོན་དངུལ་ཞིབ་ཐོའི་ལམ་ལུགས་ལག་བསྟར་བྱ་དགོས། སྨན་ཁང་གི་སྨན་རྫས་དང་། རིན་གོང་མཐོ་བའི་རྒྱུ་ཆ་ཉོ་སྒྲུབ་ལམ་ལུགས་དང་བརྒྱུད་རིམ་བཟོས་པ། ནང་ཁུལ་གྱི་ཚོད་འཛིན་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གོང་རིམ་སྡེ་ཁག་གི་སྔོན་རྩིས་དང་སྨན་ཁང་ནང་ཁུལ་གྱི་སྔོན་རྩིས་དོ་དམ་ལུགས་དང་མཐུན་པར་བཟོ་དགོས་པ་མ་ཟད། ལག་བསྟར་ནན་ཏན་བྱ་དགོས།