ནད་ཐོག་ཁའོ་
སྨན་ཁྲུས་ཚན་ཁག་

སྤྱི་ལོ་༢༠༠༧ལོར་སྔར་ཡོད་ཀྱི་དངོས་ཁམས་སྡེ་ཁག་དེ་ཉིད་བོད་ལུགས་གསོ་རིག་གི་ཕྱོགས་བསྡུས་དཔྱད་བཅོས་ལྟེ་གནས་ཞེས་དབུ་བརྙེས་པ་དང་། ལུམས་བཅོས་ཁང་དེ་དཔྱད་བཅོས་སྡེ་ཁག་མངའ་འོག་གི་ཚན་ཆུང་ཞིག་ཡིན། ༢༠༠༨ལོར་བོད་ལུགས་གསོ་རིག་གི་ལུམས་བཅོས་ནི་“རང་སྐྱོངས་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་”གི་གྲས་སུ་བདམས་ཐོན་བྱུང་བ་དང་། ༢༠༡༤ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རིག་ཚན་པུའུ་ནས་ལུམས་བཅོས་ཉིད་“རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་”གྲས་སུ་བདམས་ཐོན་བྱུང་ཡོད། ༢༠༡༨ལོའི་ཟླ་བ་༡༡ཚེས་༢༨ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ནས་བོད་ལུགས་གསོ་རིག་གི་ལུམས་བཅོས་དེ་“འཛམ་གླིང་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་”ཁོངས་སུ་བཅུག་པ་དང་། ༢༠༡༩ལོར་ལུམས་བཅོས་ཚན་ཁག་གི་མཁས་དབང་སྨིན་གྲུབ་ལགས་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་སྤེལ་མི་སྣར་བསྐོ་བཞག་གནང་། སྤྱི་ལོ་༢༠༢༢ལོའི་ཟླ་བ་༢པར་ལུམས་བཅོས་སྡེ་ཁག་ཞེས་རང་ཚུགས་ཐུབ་པའི་སྡེ་ཁག་ཞིག་ཏུ་དབུ་བརྙེས་པ་དང་དེར་ད་ལྟ་སྨན་དོན་མི་སྣ་དང་ལས་བཟོ་བསྡོམས་ཁྱོན་མི་གྲངས་༡༩ཡོད། དེའི་ནང་འབུམ་གཞོན་སྨན་པ་༢ རབ་འབྱམས་སྨན་པ་༢ དཀའ་བཅུ་སྨན་པ་༢ གཙོ་བོའི་དོ་དམ་ནད་སྐྱོང་༡ ནད་སྐྱོང་དཀའ་བཅུ་པ་༡ ནད་སྐྱོང་བསྡུས་ར་བ་༤ ལས་བཟོ་མི་གྲངས་༧ བཅས་ཡོད། ད་ལྟ་ལུམས་བཅོས་སྡེ་ཁག་ཏུ་ཁྱོན་ཉལ་ཁྲི་༢༥ཡོད་ཅིང་སྡེ་ཁག་འདིར་གཙོ་བོ་བོད་ལུགས་ཁྱད་ལྡན་གྱི་ ལུམས་བཅོས་སྣ་ཚོགས་ཀྱིས་གྲུམ་བུའི་ནད་དང་མཁལ་འགྲམས་ནད། དྲེག་ནད། རླུང་ནད་དཔུང་འཇའ། རླུང་ནད་ཤིང་རེངས། མོ་ནད། རྩ་དཀར་གྱི་ནད། གྲིབ་སྐྱོན་བསྐྱར་གསོའི་ནད། པགས་ནད་སོགས་ལ་གསོ་བཅོས་བྱས་པར་ཕན་འབྲས་ལེགས་ཤིང་སྒོ་སྟེན་དང་ནད་སྡོད་ཁང་དུ་བོད་སྨན་བེད་སྤྱོད་གཏོང་ཚད་བརྒྱ་ཆ་༩༩.༥ཡན་ཟིན་པ་དང་། ལོ་རེར་ཆ་སྙོམས་ནད་གྲངས་༨༠༠ལྷག་ཙམ་ལ་ཞབས་ཞུ་སྒྲུབ་བཞིན་ཡོད།