ནད་ཐོག་ཁའོ་
སྙིང་ཀླད་ཁྲག་རྩའི་ནད་

ངེད་སྙིང་ཀླད་ཁྲག་རྩའི་སྡེ་ཁག་གི་མདུན་ལྗོངས་ནི་སྨན་ཁང་གི་ཕྱོགས་བསྡུས་ཁོང་ནད་ཚན་ཁག་ཆེན་མོ་ཞིག་ཡིན་ཞིང་། སྔ་རྗེས་སུ་ལྗོངས་རིམ་པའི་༼སྙིང་ཀླད་ཁྲག་རྩའི་ཆེད་ཚན་༽ དང་། རྒྱལ་ཁབ་རིམ་པའི་༼ཁྲག་གྲིབ་ནད་༽ཆེད་ནད་འཛུགས་སྐྲུན་དང་༼ཀླད་ནད་༽ཆེད་ཚན་འཛུགས་སྐྲུན་ལེགས་གྲུབ་བྱུང་བ། ༢༠༡༣ལོར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ནས༼རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་སྨན་ཁང་སྤུས་དག་ནད་སྐྱོང་ཞབས་ཞུའི་སྔོན་ཐོན་ནད་ཁང་༽མཚན་སྙན་ཡང་ཐོབ།

ད་ཆ་ངེད་སྡེ་ཁག་ལ་ཁྱོན་སྨན་པ་གྲངས།༨ ༼ཆེད་ཚན་སྣེ་འཁྲིད་མི་སྣ་ཚུད།༽ ནད་སྐྱོང་ གྲངས། ༡༠ ཡོད་ཅིང་། དེའི་ནང་འབུམ་རམས་སྨན་པ་ ༢ དང་། འབུམ་གཞོན་སྨན་པ་ ༢ རབ་འབྱམས་སྨན་པ་དང་རབ་འབྱམས་ནད་སྐྱོང་བསྡོམས་༤ཡོད་ལ་སྨན་དོན་མི་སྣ་ཚོའི་སྤྱིའི་སྦྱངས་ཚད་མཐོ་ཞིང་། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་འཇོན་ནུས་ཡང་ལེགས་ཙམ་ལྡན་ཡོད།

སྡེ་ཁག་ནས་བོད་ལུགས་གསོ་རིག་གཙོ་བོའི་ཐོག་ཕྱི་ལུགས་གསོ་རིག་གི་ཟུར་བརྒྱན་ཞིང་། བོད་ཕྱི་ཟུང་འབྲེལ་རྣམ་པའི་ཐོག་ནས་བོད་སྨན་འཕེལ་རྒྱས་ཀྱི་དམིགས་ཡུལ་དུ་འཛིན་ནས། དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་སྨན་དང་ཁ་ཚར་སྦྱོར་བ། གཏར། བསྲེགས། བདུག ལུམས། བྱུག་པ་སོགས་ཀྱི་ལག་ལེན་ཁག་ནད་ཐོག་ཏུ་བེད་སྤྱོད་བྱས་ཏེ་ཀླད་ནད་རིགས་དང་སྙིང་ནད་རིགས། གློ་ནད་རིགས་སོགས་ཁོང་ནད་ནད་རིགས་ཁག་ལ་བརྟག་བཅོས་ཐུབ་ཞིང་ལྷག་པར་གྲིབ་སྐྱོན་ནད་དང་། ཁྲག་རླུང་ནད། རྩ་དཀར་ནད། སྙིང་རླུང་ནད་སོགས་ལ་དམིགས་བསལ་གྱི་ཕན་འབྲས་ཐོན་བཞིན་ཡོད། དུས་མཚུངས་ཉེ་བའི་ལོ་ཤས་ནང་བོད་སྐྱོར་སྨན་བཅོས་སྒྲིག་གཞིའི་དམིགས་བསལ་ཆ་རྐྱེན་འོག་དོད་དྲག་རང་བཞིན་རླུང་གྲིབ་ནད་ལ་ཁྲག་འཁྱགས་ཞུ་བའི་གསོ་ཐབས་དང་སྙིང་ཆུའི་ནད་ལ་སྙིང་ཐུར་བཏང་ནས་སྙིང་ཆུ་ལེན་པའི་ལག་རྩལ་སོགས་ནད་ཐོག་ལག་ལེན་ཐུབ་པས་རྒྱ་ཆེའི་མང་ཚོགས་དང་སྤུན་གྲོགས་སྨན་ཁང་གྱི་ཡིད་ཆེས་དང་གདེངས་འཇོག་བཟང་པོ་ཐོབ་བཞིན་ཡོད་ལ། སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་དུས་དེབ་ཐོག་དཔྱད་རྩོམ་གྲངས་ ༢༠ ཙམ་སྤེལ་ཡོད། གཞན་ལོ་ལྔ་ཚན་བཅུ་གཉིས་པའི་རྒྱལ་ཁབ་རིམ་པའི་ཆེད་ཚན་ཞིབ་འཇུག་༼ཁྲག་གྲིབ་ཛ་དྲག་དུས་ཁྲག་གཏར་བའི་ནད་ཐོག་ཕན་ནུས་དབྱེ་ཞིབ།༽ཞིབ་འཇུག་ལས་དོན་ལ་རོགས་འདེགས་བྱས་པ། ལོ་ལྔ་ཚན་བཅུ་གསུམ་པའི་རྒྱལ་ཁབ་རིམ་པའི་ཆེད་ཚན་ནད་ཐོག་ཞིབ་འཇུག་རྣམ་གྲངས་༼གྲིབ་སྐྱོན་ནད་ལ་མེ་བཙའ་རྒྱབ་ནས་ཡན་ལག་བྱ་ལས་སླར་གསོའི་ནད་ཐོག་ཕན་ནུས་དབྱེ་ཞིབ་༽ཀྱི་ནད་ཐོག་ཞིབ་འཇུག་སོགས་ཀྱི་ཚན་ཞིབ་ལས་དོན་སྤེལ་ཡོད།