ནད་ཐོག་ཁའོ་
བཅོས་མའི་ནད་ཚན་ཁག་

ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ཐ་མལ་ནད་མེད་སྡེ་ཁག་འདི་ནི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་ལོ་ལྔ་ཚན་འཆར་གཞི་བཅུ་གཉིས་པའི་གཙོ་གནད་འཛུགས་སྐྱོང་བྱེད་པའི་སྡེ་ཁག་ཅིག་ཡིན། མིག་སྔར་ཚན་པ་འདིར་ནད་ཁྲི་༢༥དང་། སྨན་པ་དང་ནད་སྐྱོང་རྐང་འཛིན་མི་སྣ་ཁྱོན་༡༦བཀོད་སྒྲིག་བྱས་པའི་ནང་འབུམ་རམས་སྨན་པ་གཅིག་དང་། འབུམ་གཞོན་སྨན་པ་གཅིག རབ་འབྱམས་སྨན་པ་གཉིས། རབས་འབྱམས་ཞིབ་འཇུག་སློབ་མའི་སློབ་གནས་ཡོད་པའི་མི་སྣ་གསུམ། ནད་སྐྱོང་རབ་འབྱམས་གཉིས་དང་དཀའ་བཅུ་གསུམ་སོགས་སྙིང་སྟོབས་ལྡན་ལ་གཞུང་ལུགས་ལག་ལེན་གྱི་ཕྱུག་པའི་མི་སྣའི་དཔུང་ཚོགས་ཞིག་གྲུབ་ཡོད། སྡེ་ཁག་འདིས་བོད་ལུགས་གསོ་བ་རིག་པའི་ཐ་མལ་ནད་མེད་རིག་གཞུང་གི་དགོངས་པ་གཞིར་བཟུང་སྟེ་བོད་ལུགས་གསོ་བ་རིག་པའི་རང་བཞིན་བརྟག་པའི་རྨང་གཞིའི་སྟེང་ནད་རིགས་འདྲ་མིན་གྱི་སྔར་ཚུལ་དུས་དང་། བྱིས་པ་ཉེར་སྤྱོད་དང་། རྒས་པ་གསོ་བ་བཅུད་ཀྱི་ལེན་པ་སོགས་ཀྱི་ཞབས་ཞུ་སྒྲུབ་ཡུལ་གཙོ་བོར་བཟུང་ནས་ཧོར་མེ་དང་། བསྐུ་མཉེ། བདུད་རྩི་ལྔ་ལུམས། ཟངས་བུམ། བདེ་སྲུང་སྨན་རྫས་དང་། ཟས་སྤྱོད་སློབ་སྟོན། དེ་བཞིན། འཇམ་རྩི་དང་། ནི་རུ་ཧ། ལྟོ་སྦྱོང་། གཏར་བསྲེག དུགས་སོགས་བོད་ལུགས་གསོ་བ་རིག་པའི་ཁྱད་ཆོས་ལྡན་པའི་ཞབས་ཞུ་སྒྲུབ་བཞིན་ཡོད། སྡེ་ཁག་གི་ནང་བོད་ལུགས་གསོ་རིག་རང་བཞིན་བརྟག་ཁུལ་དང་། བདེ་ཐང་སློབ་སྟོན་ཁུལ། མི་ན་བར་གནས་ཐབས་བྱ་ཁུལ་སོགས་ཁུལ་མི་འདྲ་བ་དྲུག་ཙམ་ལ་དབྱེ་ཡོད།

སྡེ་ཁག་འདིའི་ཞབས་ཞུ་སྒྲུབ་ཡུལ་ནི། ༼༡ བདེ་ཐང་ལ་ཧ་ཅང་གཙིགས་ཆེར་འཛིན་མཁན་སྟེ། ཟུགས་གཞི་བརྟག་དཔྱད་ལྟེ་གནས་སུ་འབྲེལ་ཡོད་བརྟག་དཔྱད་ཁག་གྲུབ་རྗེས་ནད་གཞི་གང་གི་སྔར་ཚུལ་ཐོན་པར་དེ་མི་ན་བར་ཐབས་ལ་འབད་མཁན། ༼༢ གཉེན་པོའི་སྨན་གྱིས་བཅོས་སྐྱེད་མེད་པའི་སེམས་ནད་ཅན། ༼༣ སྟོབས་སྐྱེད་བརྟ་བྱ་དང་ཉམས་དམས་སྙུང་འདོད་ཅན། ༼༤ སྨན་ཆུང་བུ་མོ་གཟུགས་ཀྱི་སྐྱེ་ཕྱེད་གསལ་ཞིང་གཟུགས་བྱད་ལེགས་པར་འདོད་མཁན། ༼༥ དབང་པོ་དང་བློ་རིག་གསལ་བར་འདོད་མཁན། ༼༦ འབྲས་སྐྲན་གཤགས་བཅོས་རྗེས་ཀྱི་ལུས་ཟུངས་གསོ་བ་དང་། དལ་བའི་རང་བཞིན་ནད་རིགས་དཀྱེལ་དུ་མི་འགྱུར་བའི་བྱ་ཐབས་དང་བླ་གཉན་ནད་ལ་སྔོན་འགོག་བྱེད་པ། ༼༧ ངེས་པ་བད་ཀན་གཙོ་བོར་གྱུར་པའི་མཁལ་མའི་ནད་རིགས་འདྲ་མིན་དང་། གཅིན་སྙི་ཟ་ཁུ། ཕོ་བ་མེ་ཉམས་སོགས་ནད་རིགས་དུ་མའི་གསོ་བཅོས་སོགས་སོ། ༼༨ ཟུངས་ཟད་ཀྱི་རྒས་པོ། ལོ་ཆུང་གི་བྱིས་པ། མངལ་མི་སྦྲུམ་པའི་བུད་མེད། ལུས་ཟུངས་ཉམས་ཞན་ཅན། འཚོ་ཆེས་པ། གཉིད་ཡེར་བ་སོགས་མདོར་ན་འགྲན་བརྩོད་ཆེ་བའི་དེང་གི་སྤྱི་ཚོགས་འདིའི་ནང་སྡེ་ཁག་འདིའི་ཞབས་ཞུ་སྒྲུབ་ཡུལ་ཤིན་ཏུ་རྒྱ་ཆེ་བར་འདུག །

རིག་ཚན་དཔྱད་རྩོམ་དང་། སློབ་གསོ་སློབ་ཁྲིད་སོགས་ཀྱི་སྐོར། སྡེ་ཁག་འདིའི་སྨན་དོན་མི་སྣས་སྔ་ཕྱིར་བོད་ལུགས་གསོ་བ་རིག་པའི་མི་ན་བ་གནས་ཐབས་ཀྱི་བདེ་སྲུང་ཤེས་བྱའི་ནང་དོན་གཙོ་བོར་བྱས་པའི་དཔྱད་རྩོམ་ཁྱོན་བཞི་ཅུ་ཡན་རྒྱལ་ཁབ་དང་ལྗོངས་ཕྱི་ནང་གི་རིག་གཞུང་དུས་དེབ་ཁག་གི་ནང་སྤེལ་ནས་བོད་ལུགས་གསོ་རིག་ཐ་མལ་ནད་མེད་ཀྱི་རིག་གཞུང་ཁྱབ་ཁོངས་ནང་བག་ཆགས་ཟབ་མོ་བཞག་ཡོད་ལ་བོད་ལུགས་གསོ་རིག་ཁྱད་ཆོས་ལྡན་པའི་བདེ་སྲུང་གི་ཐོན་རྫས་རིགས་གསུམ་ཙམ་ཞིབ་འཇུག་གསར་སྤེལ་དང་། བོད་ལུགས་གསོ་བ་རིག་པའི་རང་བཞིན་བརྟག་པའི་མཉེན་ཆས་གཅིག་ཞིབ་འཇུག་གསར་སྤེལ་བྱས་ལ། སྔ་ཕྱིར་རྒྱལ་ཁབ་དང་ལྗོངས་རིམ་པའི་ཞིབ་འཇུག་རྣམ་གྲངས་བརྒྱད་ཙམ་ལེགས་སྒྲུབ་ཞུས། །