ནད་ཐོག་ཁའོ་
སྨན་ཁང་ཚན་ཁག

འགོས་འགོག་ཚན་ཁག་ནི་སྤྱི་ལོ་༢༠༡༡ལོར་དངོས་སུ་བཙུགས་པ་ཞིག་དང་། ད་ཆ་སྡེ་ཁག་ཡོངས་ལ་མི་གྲངས་བཞི་ཡོད་པའི་ནང་ཆེད་སྤྱོད་འགོས་འགོག་ཆེད་ལས་མི་སྣ་གཉིས་དང་། སྨན་བཅོས་གད་སྙིགས་དབྱེ་འབྱེད་དོ་དམ་མཁན་གཉིས་བཅས་ལས་གྲུབ་ཅིང་། གཙོ་བོ་འགོས་འགོག་དོ་དམ་སྲོལ་ཡིག་དང་། གོང་རིམ་འབྲེལ་ཡོད་ཡིག་ཆ། སྨན་ཁང་འགོས་འགོག་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱི་མཛུབ་ཁྲིད་འོག་སྨན་ཁང་ཁྱོན་ཡོངས་ཀྱི་འགོས་འགོག་ལས་ཀའི་ལམ་ལུགས་ཁག་འཐུས་ཚང་བཟོ་བ་དང་། ནང་ཁུལ་དུ་འགོས་ཁྱབ་མི་ཡོང་བའི་སྔོན་འགོག་དང་། དྲིལ་བསྒྲགས། དུག་སེལ། ཐོ་འགོད། ལོག་དབྱེ། ཚོད་ཞིབ། སྙན་ཞུ་སོགས་ཀྱི་ལས་ཀར་ཤུགས་སྣོན་རྒྱབ་སྟེ་སྨན་ཁང་ཧྲིལ་པོའི་སྨན་བཅོས་ཁོར་ཡུག་ཁྲོད་ནང་འགོས་ཀྱི་གནས་ཚུལ་གང་ཡང་མེད་པའི་འགན་སྲུང་བྱེད་བཞིན་ཡོད་ལ་སྤྱི་ཚོགས་ཧྲིལ་པོའི་རིམས་ནད་འགོག་སྲུང་གི་བྱ་དོན་མང་པོ་ཞིག་ཀྱང་ཞོར་དུ་སྤེལ་བཞིན་ཡོད། །