ནད་ཐོག་ཁའོ་
མིག་ནད་ཚན་ཁག

ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་མིག་ནད་སྡེ་ཁག་ནི་སྤྱི་ལོ་༢༠༠༣ལོར་གསར་འཛུགས་གནང་བའི་སྡེ་ཁག་གཅིག་ཡིན་ཞིང་མིག་སྔར་འབུམ་གཞོན་སྨན་པ་མི་གཅིག་དང་། སྨན་པ་དཀའ་བཅུ་པ་མི་གཉིས་ཏེ་ཁྱོན་སྨན་དོན་མི་སྣ་གསུམ་ཙམ་ཡོད་ལ། སྡེ་ཁག་ནང་མིག་ནད་གཤག་ལས་ཀྱི་ཕྲ་མཐོང་ཆེ་ཤེལ་དང་། མིག་མཐིལ་རྩ་རིས་བརྟག་དཔྱད་འཕྲུལ་འཁོར། མིག་གི་མཐོང་རྒྱ་དང་མིག་ཤུགས་བརྟག་པའི་འཕྲུལ་འཁོར། མིག་འབྲས་ནག་པོའི་ཕྲ་ཕུང་གྲངས་ཚད་བརྟག་པའི་འཕྲུལ་འཁོར། མིག་ཤེལ་སྒྲིག་སྦྱོར་གྱི་སྒྲིག་ཆས་ཆ་ཚང་། མིག་བཟོས་ཆུ་ཤེལ་གཟུགས་ཀྱི་ཨང་གྲངས་མཇལ་བའི་འཕྲུལ་འཁོར། དེ་མིན་མིག་ནད་ཆེད་སྤྱོད་Aསྒྲ་བརྒལ་འཕྲུལ་འཁོར་དང་། Bསྒྲ་བརྒལ་འཕྲུལ་འཁོར། བར་འགྲིབས་སྒྲ་རླབས་འོ་གྱུར་གྱི་འཕྲུལ་འཁོར་(超声乳化机)སོགས་སྔོན་ཐོན་ཅན་གྱི་ཆ་བྱད་དང་འཕྲུལ་འཁོར་ཁག་ཆ་ཚང་བར་མཁོ་སྒྲུབ་བྱས་ཡོད་ཅིང་། རྒྱུན་མཐོང་མིག་ནད་ཁག་ལ་བོད་ཕྱི་ཟུང་འབྲེལ་གྱི་ཐོག་ནས་སྨན་བཅོས་དང་། མིག་ནད་བར་འགྲིབས་དང་། མིག་ལྕིབས་ནང་དུ་ལོག་པ། མིག་ནད་ཤ་མཛེར། མིག་གི་ཆུ་འགྲོ་འགག་པ་སོགས་ལ་གཤགས་བཅོས་དང་། རྒྱང་འགྲིབས་དང་ཉེ་འགྲིབས་ནད་ལ་མིག་ཤེལ་སྒྲིག་བཟོ། དེ་བཞིན་མིག་མཐིལ་ཁྲག་རྩ་རྡོལ་བ་དང་། མིག་ནད་གདུང་གྱུར། མིག་ནད་རྩ་མདངས་ཉམས་པ། མིག་ནད་ཤ་མཛེར་སོགས་ལ་བོད་ལུགས་གསོ་བ་རིག་པའི་གཉེན་པོ་སྨན་དང་གཏར་བསྲེག་རླངས་རྔུབ་སོགས་དམིགས་བསལ་ཁྱད་ཆོས་ལྡན་པའི་གསོ་བཅོས་བྱས་ཏེ་ཕན་འབྲས་ཧ་ཅང་ལེགས་པོ་ཐོན་བཞིན་ཡོད། །