ཁ་ནད་ཚན་ཁག་ནི་བོད་ལུགས་གསོ་རིག་སྨན་ཁང་གི་ཁྱད་ལྡན་ཆེད་ལས་ཚན་ཁག་གི་གྲས་ཤིག་ཡིན་ལ་ཧུའུ་ནན་ཞིང་ཆེན་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ཚན་ཁག་གི་གྲས་ཤིག་ཀྱང་ཡིན། ཚན་ཁག་གི་ཁོར་ཡུག་མཛེས་ཞིང་ཞབས་ཞུའི་སྤུད་ཚད་ལེགས་ལ་དེང་རབས་ཅན་གི་ཁ་ནད་སྨན་བཅོས་སྒྲིག་ཆས་ཆ་ཚང་བ། དཔེར་ན། ནུས་མང་ཆེད་ལས་སྨན་བཅོས་སྐུབས་སྟེགས་དང་། དྲོད་ཚད་མཐོ་བའི་དུག་སེལ་འཕྲུལ་འཁོར། སོ་ཚན་གསལ་ཐིགས་སྒྲ་རླབས་བརྟག་དཔྱད་རུས་གྲི། ནང་འདྲེན་འདེབས་འཛུགས་འཕྲུལ་འཁོར་དང་། སོ་དྲེག་བཀྲུ་བའི་འཕྲུལ་ཆས། སོ་རྩའི་དོ་དམ་དང་ཚ་གྱོང་འཕྲུལ་ཆས་སོགས་ཡོད། མི་རེ་ལ་སྲིན་སེལ་ཆ་དཔྱད་རེ་ཡོད་ལ་།
སྡེ་ཁག་དུ་ཆེད་ལས་སྨན་དོན་མི་སྣ་དགུ་ཡོད་ཅིང་ཚང་མ་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ། སྡེ་ཁག་ནས་ཆེད་ལས་མཁས་དབང་འདམ་སྒྲིགས་བྱས་ནས་ཁའི་གསོ་རིག་ཆེད་ལས་ཀྱི་ནད་ཐོག་སྨན་བཅོས་ལས་དོན་མང་ཆེ་སྤེལ་བ་མ་ཟད། ཆེད་ལས་མི་སྣ་གསོ་སྐྱོང་ཡང་མི་ཉུང་ཞིག་བྱས་ཡོད། སྨན་བཅོས་སུ་སོ་རྩ་བཀོག་ནས་སྨན་བཅོས་བྱེད་པ་དང་། དེང་སྐབས་ཀྱི་རྩ་བའི་དམ་སྒྲིག་སྨན་བཅོས་བྱེད་པ། སོ་ཚབ་སླར་གསོ་བྱེད་པ། སོའི་ནད་རིགས་སྔོན་འགོག་དང་བདེ་སྲུང་སོགས་ཀྱི་སྨན་བཅོས་ཐད་དམིགས་བསལ་ཁྱད་ཆོས་ལྡན་ཡོད། དེ་དང་ཆབ་ཅིག་སློབ་གྲྭ་དང་། སྡེ་ཁུལ། གྲོང་གསེབ་བཅས་སུ་བསྐྱོད་དེ་རྒྱ་ཆེའི་མང་ཚོགས་ལ་ཁའི་བདེ་སྲུང་ཤེས་བྱ་སྒྲོག་འགྲེལ་དང་གཞི་རྩའི་སྨན་བཅོས་བྱས་ནས་མི་དམངས་ཚོའི་སོའི་བདེ་བསྲུང་གི་འདུ་ཤེས་མཐོ་རུ་གཏོང་བ་དང་ལྷོ་ཁིའི་མི་དམངས་ཀྱི་ཁ་ནད་བདེ་སྲུང་ལ་ཕན་པ་ཤུགས་ཆེན་གྲུབ་ཡོད།