འགན་ནུས་ཁོའོ་དང་ཁང་
གཙོ་ངོས། སྡེ་ཁག་མཚམས་སྦྱོར། འགན་ནུས་ཁོའོ་དང་ཁང་
སྨན་བཅོས་འགན་བཅོལ་ཚན་པ།

ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་བཅོས་འགན་བཅོལ་ཚན་ཁག་ནི་༢༠༠༧ལོར་གསར་བཙུགས་གནང་བ་དང་གྲོང་ཁྱེར་རིམ་པའི་སྨན་བཅོས་འགན་བཅོལ་ས་ཚིགས་ཀྱི་རྨང་གཞི་སྨན་བཅོས་ལས་ཁུངས་ཤིག་ཡིན། ད་ལྟ་སྒྲིག་ཁོངས་ཀྱི་ལས་བཟོ་གསུམ་ཡོད་པ་ལས་འབུམ་གཞོན་སྨན་པ་གཅིག་དང་རབ་འབྱམས་སྨན་པ་གཉིས་བཅས་ཡོད། ནད་ཐོག་སྡེ་ཁག་སོ་སོར་སྨན་བཅོས་འགན་བཅོལ་ཆེད་ལས་བལྟ་སྐུལ་མི་སྣ་བཅུ་གཅིག་ཡོད། སྨན་བཅོས་འགན་བཅོལ་གྱིས་སྨན་བཅོས་ས་ཚིགས་ཀྱི་ཞབས་ཞུའི་འགན་འཁུར་དང་སྲིད་ཇུས་ཁག་དང་སྒོ་བསྟེན་གྱི་དམིགས་བསལ་ནད་རྟགས་ཀྱི་སྨན། བརྡབས་འགྲམས་སྙན་ཞུ། སྡེ་ཁག་བསྒྱུར་བ་དང་སྨན་ཁང་བསྒྱུར་བ་སོགས་སྨན་བཅོས་འགན་བཅོལ་ལས་ཀ་ཁག་ལག་བསྟར་བྱེད་བཞིན་ཡོད། དེར་མ་ཟད་སྨན་བཅོས་འགན་བཅོལ་གྱི་ནད་པའི་སྨན་རིན་བལྟ་སྐུལ་བྱ་བ་དང་སྨན་བཅོས་འགན་བཅོལ་གྱི་སྤུས་ཚད་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྨན་བཅོས་འགྲོ་གྲོན་ལམ་ལུགས་དང་མི་མཐུན་པའི་སྒོ་ནས་འཕར་བར་ཚོད་འཛིན་བྱེད་ཀྱིན་ཡོད། སྨན་བཅོས་འགན་སྲུང་ལས་ཀ་ནི་སྨན་ཁང་དང་རིམ་ཁག་སྨན་བཅོས་འགན་བཅོལ་ཚན་པ་ཁག་དང་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུ་ཡིན། སྨན་བཅོས་འགན་བཅོལ་ནང་བཞུགས་པའི་ནད་པར་ཞབས་འདེགས་ཞུ་རྒྱུ་དང་ནད་ཐོག་དངོས་ནང་སྨན་བཅོས་འགན་བཅོལ་ལམ་ལུགས་ལག་བསྟར་བྱ་རྒྱུར་སྣེ་ཁྲིད་བྱེད་མཁན་གྱི་ཚན་པ་དེ་ཡང་ངོ་།