སྨན་རྫས་ཁོའོ་ནི་སྒོ་རའི་ནང་གི་སྨན་རྫས་དང་། སྨན་བཅོས་ཀྱི་ཟད་གྲོན་རྒྱུ་ཆ། ལུས་ཕྱིའི་བརྟག་དཔྱད་ཚོད་ལྟའི་དངོས་རྫས། སྨན་བཅོས་སྒྲིག་ཆས་ཉོ་སྒྲུབ་དང་། ཉར་ཚགས། ཉར་ཚགས། མཁོ་འདོན། དོ་དམ། ལུགས་མཐུན་ངང་སྨན་རྫས་སྤྱོད་པའི་ཞབས་ཞུ། སྨན་རྫས་མི་འཕྲོད་པའི་གནས་ཚུལ་ལྟ་ཞིབ་ཚད་ལེན། གསོ་རླུང་མཁོ་འདོན་དོ་དམ་སོགས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་འགན་ནུས་ཁོའོ་དང་ཁང་གྲས་ཤིག་རེད། ད་ལྟ་ཚན་ཁག་ལ་ཁྱོན་བསྡོམས་མི་33ཡོད་ཅིང་། དེའི་ནང་དུ་གཙོ་གཉེར་སྨན་སྦྱོར་པ་4དང་། སྨན་སྦྱོར་པ་5ཆེད་ཚན་སློབ་གྲྭ་ཆེ་མོའི་ཡོན་ཚད་5འབྲིང་རིམ་ཆེད་ལས་སློབ་གྲྭའི་ཡོན་ཚད་7སྨན་བཟོ་ལས་པ་12བཅས་ཡོད།
སྨན་རྫས་ཁོའོ་ཡི་འོག་ཏུ་སྒོ་བསྟེན་བོད་སྨན་ཚོང་ཁང་དང་། སྒོ་བསྟེན་སྨན་ཁང་། སྨན་ཁང་དུ་སྡོད་པའི་སྨན་ཚོང་ཁང་། (དོས་དྲག་)ཁཱ་ཚ་ཁང་། བོད་སྨན་བང་མཛོད། ནུབ་སྨན། སྨན་བཅོས་མཁོ་རྫས་ཀྱི་མཛོད་ཁང་། དེ་བཞིན་ལྟེ་བའི་གསོ་རླུང་མཁོ་འདོན་ཁང་སོགས་ཚན་པ་བརྒྱད་ཀྱིས་དུས་རྒྱུན་དུ་“ཡུས་ཐུའོ་སྙིང་སྟོབས་དར་སྤེལ་བཏང་ནས། མིའི་རིགས་ཀྱི་བདེ་ཐང་ལ་བདེ་སྐྱིད་བསྐྲུན་རྒྱུ་”དམིགས་ཡུལ་དུ་བཟུང་ཡོད། 《སྨན་རྫས་དོ་དམ་བཅའ་ཁྲིམས》དང་སྨན་སྲིད་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་ནས་སྨན་ཁང་གི་ཚན་ཁག་ཁག་གིས་སྨན་རྫས་དང་། སྨན་སྤྱོད་རྒྱུ་ཆ་དང་སྨན་བཅོས་སྒྲིག་ཆས་ལུགས་མཐུན་ངང་སྤྱོད་རྒྱུར་ལྟ་སྐུལ་དང་ཞིབ་བཤེར་བྱས་ཏེ་གང་བྱུང་དུ་སྤྱོད་པ་དང་འཕྲོ་བརླག་གཏོང་རིགས་སྔོན་འགོག་བྱེད་པ་དང་འབྲེལ་ནད་ཐོག་སྨན་བཅོས་ཚན་ཁག་ཁག་ལ་སྤུས་ཚད་ལོན་པ་དང་། རིན་གོང་འཚམ་པ། དུས་ཐོག་ཏུ་སྨན་རྫས་དང་ཟད་གྲོན་རྒྱུ་ཆ་མཁོ་འདོན་བྱེད་པ་བཅས་ཀྱི་ལས་དོན་དུས་ཐོག་ཏུ་གནད་ལ་འཁེལ་བའི་སྒོ་ནས་སྤེལ་ཏེ་ནད་པར་སྨན་རྫས་རིག་པའི་བློ་འདྲིའི་ཞབས་ཞུ་སོགས་ཀྱི་ལས་དོན་སྤེལ་དགོས།
སྨན་རྫས་ཁོའོ་ཡི་སྒོ་བསྟེན་སྨན་ཁང་དང་། སྨན་ཁང་དུ་སྡོད་པའི་སྨན་ཚོང་ཁང་། དེ་བཞིན་སྨན་རྫས་ཤེས་བྱའི་བློ་འདྲིའི་སྐར་ཁུང་བཙུགས་ནས་རྒྱ་ཆེའི་ནད་པར་སྨན་རྫས་གསར་པའི་ཆ་འཕྲིན་དང་སྨན་རྫས་ཀྱི་ཤེས་བྱ་དྲིལ་བསྒྲགས་སོགས་ཀྱི་སྨན་རྫས་རིག་པའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། སྨན་རྫས་ཁོའོ་སྨན་ཁང་དུ་བསྡད་དེ་ཉིན་རེར་ཆུ་ཚོད་24ཡི་ཞབས་འདེགས་ཞུ་གི་ཡོད་པ་དང་སྨན་པའི་ཀུན་སྤྱོད་བཟང་པོ་དང་སྤུས་ལེགས་སྤྲོ་སེམས་ཀྱི་ཞབས་ཞུའི་རྣམ་འགྱུར་ཐོག་ནས་རྒྱ་ཆེའི་ནད་པར་ཞབས་འདེགས་ཞུ་གི་ཡོད་པ་རེད།
སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་རིན་ཐང་སྔར་བས་དར་སྤེལ་གཏོང་ཆེད། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་སྨན་ཁང་གིས་སྨན་རྫས་ཁོའོ་འོག་ཏུ་ཐོག་མར་སྨན་བྱུག་ཁང་དང་སྨན་བཙོ་ཁང་བཙུགས་པ་དང་འབྲེལ《བོད་སྨན་གྱི་ཐང་རྫས་ཕྱོགས་སྟོན》ལེགས་སྒྲིག་དང་རྩོམ་སྒྲིག་བྱས་ནས་ནད་ཐོག་སྨན་བཅོས་ཀྱི་ནད་པར་སྨན་རྫས་རིགས་70ལྷག་ཙམ་སྤྲད་པ་དང་། བོད་སྨན་གྱི་སྨན་རྫས་གཱ་སྔོག་འདོན་དང་གསར་སྤེལ་བྱེད་པའི་ལག་རྩལ་ལྗོངས་ཡོངས་ཀྱི་ལས་རིགས་གཅིག་པའི་མདུན་གྲལ་དུ་སླེབས་ཡོད་པ་རེད།