འགན་ནུས་ཁོའོ་དང་ཁང་
གཙོ་ངོས། སྡེ་ཁག་མཚམས་སྦྱོར། འགན་ནུས་ཁོའོ་དང་ཁང་
ནད་གཡོག་པུའུ་

ནད་སྐྱོང་པུའུ་ནི་སྨན་ཁང་གི་ནད་སྐྱོང་ལས་དོན་ཁག་གྱི་རྩ་འཛུགས་དོ་དམ་སྡེ་ཁག་ཅིག་ཡིན། ནད་སྐྱོང་པུའུ་ཡིས་ད་ཆ་རིམ་པ་གསུམ་གྱི་དོ་དམ་ལམ་ལུགས་ལག་བསྟར་བྱ་བཞིན་ཡོད་པ་དེ་དག་ནི་ལས་བགོས་དབུ་འཛིན་གྱི་འགོ་ཁྲིད་འོག་ནད་སྐྱོང་པུའུ་དང་སྡེ་ཁག་ཆེ་བའི་ནད་སྐྱོང་དཔོན། སྡེ་ཁག་ནད་སྐྱོང་དཔོན་བཅས་ཡིན། ནད་སྐྱོང་པུའུ་ལ་ད་ལྟ་ལས་བྱ་མི་སྣ་གསུམ་ཡོད་ཅིང་དེའི་ནང་སྡེ་ཁག་འགན་འཛིན་གཅིག་དང་འགན་འཛིན་གཞོན་པ་གཅིག ལས་བྱ་མི་སྣ་གཅིག་བཅས་ཡོད། ནད་སྐྱོང་པུའུ་ཡིས་སྨན་ཁང་ཡོངས་ཀྱི་ནད་སྐྱོང་སྤུས་ཚད་ཞིབ་བཤེར་དང་། ཆེད་ལས་ལག་རྩལ་སྦྱོང་བརྡར། ནད་སྐྱོང་དོ་དམ་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད། ང་ཚོས་ནན་ཏིང་ཀེར་ཨར་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་ནད་པ་ལྟེ་བར་འཛིན་པའི་ཞབས་ཞུའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་སྤུས་ལེགས་ནད་སྐྱོང་ཧུར་ཐག་ངང་སྤེལ་བཞིན་ཡོད། །